མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རིམས་འགོག་སྨན་ཁབ་ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་གྱོད་གཞི་རབ་
དང་རིམ་པར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རིམས་འགོག་སྨན་ཁབ་ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་གྱོད་གཞིར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་གྱི་ནང་དུ་ཐེངས་འདིའི་རིམས་འགོག་སྨན་ཁབ་བདེ་འཇགས་སྐོར་གྱི་དོན་རྐྱེན་ལ་སྤྱི་ཚོགས་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱས་པས། དེའི་ཐོག་ནས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཐད་སྐྱོན་ཆ་མང་པོ་ཡོད་པ་མངོན་པ་རེད། ཟས་རིགས་དང་སྨན་རྫས་ལྟ་སྐུལ་སྤྱི་ཁྱབ་ཅུས་དང་། འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན། སྤྱི་བདེ་པུའུ་བཅས་ཀྱིས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས“གནོད་ཡོད་རིམས་འགོག་སྨན་ཁབ”ཀྱི་འགྲོ་ཕྱོགས་དང་བཀོལ་སྤྱོད་གནས་ཚུལ་ལ་ཞིབ་བཤེར་མཐར་ཕྱིན་པར་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ཧ་ཅང་ཆེན་པོ་བྱས་པར་ཁ་ལན་དུས་ཐོག་ཏུ་སློག་དགོས་པ་མ་ཟད། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་། འབྲེལ་ཡོད་འགན་ཤོར་ལས་འཛོལ་བྱུང་བའི་བྱ་སྤྱོད་ལ་འགན་འཁྲི་རྩད་གཅོད་ནན་ཏན་བྱེད་དགོས་པ་ལས་ལང་ཤོར་དུ་གཏན་ནས་གཏོང་མི་རུང་། དེ་དང་དུས་མཚུངས་སུ། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་དམ་འཛིན་བཏང་ནས་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་། འཁོར་རྒྱུག འགོག་སྨན་རྒྱག་པ་སོགས་བྱ་རིམ་ཁག་གི་ལྟ་སྐུལ་དོ་དམ་བྱེད་འགན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་སྐྱོན་ཆ་འགོག་ཐབས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་འགན་སྲུང་བྱེད་དགོས་ཞེས་བསྟན་པ་རེད།