མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ཁྲེན་ཅིན་ཧྭ་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་10ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།བློ་མཐུན་ཁྲེན་ཅིན་ཧྭ་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་བྱས་པ།

         བློ་མཐུན་ཁྲེན་ཅིན་ཧྭ་ལ་སྙུང་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་ཕེབས་ནས་གཟིགས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཁྲེན་ཅིན་ཧྭ་སྐུ་གཤེགས་པར་ཡིད་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོ་འཚམས་འདྲི་གནང་བ།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཧུའུ་ཅིན་ཐའོ་སོགས་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཕེབས་ནས་ཞལ་གྱེས་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་སེམས་དཀར་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཁྲེན་ཅིན་ཧྭ་ཡི་སྐུ་ཕུང་ཚེས་8ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་བྱས་པ་རེད།
         བློ་མཐུན་ཁྲེན་ཅིན་ཧྭ་ལ་སྙུང་གཞི་ཕོག་ནས་2016ལོའི་ཟླ་7ཚེས་2ཉིན་གྱི་ཆུ་ཚོད་15དང་སྐར་མ་56ཡི་ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་87ཡིན།
         བློ་མཐུན་ཁྲེན་ཅིན་ཧྭ་ལ་སྙུང་གཞི་ལྕི་པོ་ཕོག་སྐབས་དང་སྐུ་གཤེགས་རྗེས་བློ་མཐུན་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་ཚོགས་ཐོག་ནས་བློ་མཐུན་ཁྲེན་ཅིན་ཧྭ་སྐུ་གཤེགས་པར་ཡིད་སྐྱོ་བའི་ངང་མྱ་ངན་ཞུས་གནང་བ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོ་འཚམས་འདྲི་ཞུས་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་8དང་སྐར་མ་30ཙམ་ལ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཧུའུ་ཅིན་ཐའོ་སོགས་མྱ་ངན་ཞུ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་གོམ་སྟབས་དལ་པོས་བློ་མཐུན་ཁྲེན་ཅིན་ཧྭ་ཡི་སྐུ་ཕུང་གི་མདུན་དུ་ཕེབས་ནས་གུས་འདུད་ལན་གསུམ་ཞུས་པ་དང་འབྲེལ་བློ་མཐུན་ཁྲེན་ཅིན་ཧྭ་ཡི་གཉེན་ཉེ་ཚོར་ཕྱག་བཏང་ནས་སེམས་གསོ་འཚམས་འདྲི་ཞུས་གནང་བ་རེད།