མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་མོང་གོལ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་བ་དང་འབྲེལ་
སྐབས་བཅུ་གཅིག་པའི་ཨེ་ཤེ་ཡ་གླིང་དང་ཡོ་རོབ་གླིང་གི་འགོ་གཙོའི་
གྲོས་ཚོགས་ལའང་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་14ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལི་ཁེ་ཆང་གིས་མོང་གོལ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་བ་དང་འབྲེལ་
སྐབས་བཅུ་གཅིག་པའི་ཨེ་ཤེ་ཡ་གླིང་དང་ཡོ་རོབ་གླིང་གི་འགོ་གཙོའི་
གྲོས་ཚོགས་ལའང་ཞུགས་རྒྱུ་ཡིན་པ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་ཆུ་ཚོད་ཟླ་7ཚེས་13ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཨུ་ལན་དཔའ་ཐུལ་དུ་འབྱོར་ནས་མོང་གོལ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ་དང་འབྲེལ་ཨུ་ལན་དཔའ་ཐུལ་དུ་འཚོགས་པའི་སྐབས་བཅུ་གཅིག་པའི་ཨེ་ཤེ་ཡ་གླིང་དང་ཡོ་རོབ་གླིང་གི་འགོ་གཙོའི་གྲོས་ཚོགས་ལའང་ཞུགས་རྒྱུ་རེད།
         མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་གནང་སྐབས། ལེ་ཁེ་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨེར་ཏེན་པ་ཐེ་དང་གྲོས་མོལ་གནང་རྒྱུ་ཡིན་པ་དང་། སྔོན་རྗེས་སུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་རྡོ་རྗེ་དང་རྒྱལ་ཁབ་ཏ་ཧུའུ་ལར་གྱི་ཀྲུའུ་ཞི་སྨི་དབྱི་མགོན་པོ་•ཨེན་ཧོ་པའོ་ལེ་ཏི་དང་མཇལ་འཛོམས་གནང་རྒྱུ་ཡིན་ལ། ཕྱོགས་གཉིས་བར་གྱི་མཉམ་ལས་དང་འབྲེལ་བའི་ཡིག་ཆར་མིང་རྟགས་འགོད་པར་དཔང་པོ་ཡང་གནང་རྒྱུ་རེད། ལེ་ཁེ་ཆང་གིས་ད་དུང་ཨེ་ཤེ་ཡ་གླིང་དང་ཡོ་རོབ་གླིང་གི་འགོ་གཙོའི་གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཁབ་མང་པོའི་དབུ་ཁྲིད་དང་ཕྱོགས་གཉིས་བར་གྱི་མཇལ་འཛོམས་གནང་ནས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།