མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་དང་འབྲུབ་དུས་ཀྱི་བདེ་འཇགས་དོགས་ཟོན་ལས་
དོན་ལ་ཤུགས་སྣོན་རྒྱག་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་22ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་བདེ་འཇགས་ཐོན་སྐྱེད་དང་འབྲུབ་དུས་ཀྱི་བདེ་འཇགས་དོགས་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ད་དུང་བདེ་འཇགས་ཐོན་སྐྱེད་ནི་དམངས་འཚོའི་དོན་ཆེན་ཞིག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། མི་དམངས་ལ་འགན་འཁྲི་ལྷག་པར་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ངོས་ནས་གནད་དོན་ལ་བསམ་བློ་གཏོང་དགོས། ཉེན་ཁའི་མངོན་མེད་རྐྱེན་ངན་ཆེན་པོ་དག་དོན་རྐྱེན་ཞིག་ལ་བརྩིས་ནས་ས་སྲུང་གི་འགན་འཁུར་བ་དང་། འགན་འཁྲི་འཁུར་ཕོད་པ་བྱེད་པ། སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྡོམ་ནན་པོ་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་བློ་བདེ་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།
         ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་བདེ་འཇགས་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་བདེ་འཇགས་བློས་བཏང་ནས་འཕེལ་རྒྱས་ཡོང་ཐབས་གཏན་ནས་བྱེད་མི་རུང་བའི་དམར་ཐིག་དེ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་གནང་བ་རེད། ཞིས་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་སྒྲིག་སྲོལ་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་ས་གནས་ཏང་ཨུད་དང་སྲིད་གཞུང་གི་མངའ་ཁོངས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། གཞི་རིམ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཁྲིམས་འཛིན་རུ་ཁག་འཛུགས་རྒྱུར་ཤུགས་རྒྱག་པ། དབང་ཆའི་གསལ་ཐོ་དང་འགན་འཁྲི་གསལ་ཐོ་བཟོ་བ་བཅས་ཀྱི་ཐོག་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གྱི་འཁོར་རྒྱུག་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཉེན་ཟོན་འདུ་ཤེས་ཆེ་རུ་བཏང་ནས་རྩ་བ་ནས་བཅོས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཆུ་རྒྱས་པའི་དུས་ཡིན་པའི་མིག་སྔར་ས་ཁུལ་ཁག་གཅིག་ལ་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་ཡོད། དེ་ང་ཚོའི་ངོས་ནས་བརྗོད་ན་ཚོད་བགམ་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ས་སྲུང་གི་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་ཞོད་འགོག་དང་། འབྲུབ་འགོག ཉེན་སེལ་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུབ་སྐྱོབ་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་བ་རེད།