མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་ཨུ་ལན་དཔའ་ཐུལ་དུ་ཕེབས་པའི་རིང་གི་མཛད་པ་ཉི་ཤུ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་18ཉིན། 16:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གསར་པས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་པོ་བསུ་བ་ནི་ལི་ཁེ་ཆང་ཡིན་པ།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གསར་པས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་པོ་བསུ་བ་ནི་ལི་ཁེ་ཆང་ཡིན་པ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་ནས་ཚེས་16ཉིན་བར་ཙུང་ལི་ལི་ཁེ་ཆང་གིས་མོང་གོལ་རྒྱལ་ཁབ་དུ་དངོས་གཞིའི་འཚམས་འདྲི་གནང་བ་མ་ཟད། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་དུ་འཚོགས་པའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་ཚོགས་འདུ་སྐབས་བཅུ་གཅིག་པ་ལའང་ཞུགས་པ་རེད།
         ལི་ཁེ་ཆང་གིས་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པའི་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་ཐེངས་དང་པོ་གནང་ནས་སྔ་གཞུག་ཏུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་། ཙུང་ལི། རྒྱལ་ཁབ་ཀྱི་ཏ་ཧུའུ་ལར་གྱི་ཀྲུའུ་ཞི་བཅས་ལ་མཇལ་འཕྲད་གནང་བ་མ་ཟད། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་དང་མཉམ་དུ་ཕྱོགས་གཉིས་ཀའི་བར་ཉོ་ཚོང་དང་། དཔལ་འབྱོར་ལག་རྩལ། རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན། རྒྱང་སྒྲོག་བརྙན་འཕྲིན་སོགས་ཀྱི་ཁྱབ་ཁོངས་ཁྱབ་པའི་ཕྱོགས་གཉིས་བར་གྱི་གྲོས་མཐུན་15ལ་མིང་རྟགས་འགོད་པར་བདེན་དཔང་གནང་བ་རེད།
         དབུ་བརྙེས་ནས་ལོ་20འཁོར་བའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་ཚོགས་འདུ་སྐབས་བཅུ་གཅིག་པའི་ཐོག ཙུང་ལི་ལི་ཁེ་ཆང་གིས་ཁྲིད་སྟོན་རང་བཞིན་ལྡན་པའི་གསུང་བཤད་གནང་སྐབས་གྲོས་འགོ་ཆེན་པོ་གསུམ་བཏོན་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་དེ་སླད་མའི་ལོ་10གསར་པའི་ནང་མཆོང་བརྒལ་གསར་པ་མངོན་འགྱུར་བྱ་ཕྱིར"ཀྲུང་གོའི་ཇུས་གཞི"ཕུལ་བ་རེད།
         འཚམས་འདྲིའི་ཉིན་བཞི་གནང་བའི་རིང་ལ། དཔལ་འབྱོར་ཉོ་ཚོང་གི་ཁྱབ་ཁོངས་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་མ་ཟད། ལྷག་པར་དུ་ཙུང་ལི་ཡིས་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གནང་བ་དང་གཉིད་ཆག་ཟས་བརྗེད་ངང་རྒྱལ་ཁབ་ཀྱི་ཁེ་ཕན་དོན་དུ་དཀའ་སྤྱད་འབད་ཐག་གནང་བའི་མཛད་པ་ཉི་ཤུ་ནི་མི་རྣམས་ལ་བག་ཆགས་ཧ་ཅང་ཟབ་མོ་བཞག་པ་རེད།

【1】  【2】  【3】  【4】  【5】  【6】  【7】

རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་ས་གདན་དམར་པོ་བཏིང་ནས་ཀྲུང་གོའི་ཙུང་ལི་བསུ་བ།
རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་ས་གདན་དམར་པོ་བཏིང་ནས་ཀྲུང་གོའི་ཙུང་ལི་བསུ་བ།