མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་སྐབས་ཉི་ཤུ་རྩ་བདུན་པ་འཚོགས་
པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལི་རུ་གཉེར་བའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དབུ་ཚོགས་སྐབས་ཉི་ཤུ་རྩ་བདུན་པར་གློག་འཕྲིན་བཏང་གནང་སྟེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མི་དམངས་ལ་ཚོགས་འདུ་བདེ་བླག་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དེ་ཨ་ཧྥེ་རི་ཁ་མཉམ་འབྲེལ་དང་རང་སྟོབས་ཆེ་རུ་གཏོང་བའི་མཚོན་བྱེད་ཡིན་པས་ཨ་ཧྥེ་རི་ཁ་མཉམ་འབྲེལ་ངང་རང་སྟོབས་ཆེ་རུ་གཏོང་བ་དང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་པས། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཟམ་མི་ཆད་པར་ཐོབ་པའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ན་ནིང་ཟླ་12པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གཡོད་ཧན་ནེ་སེ་པའོ་དབུ་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་དུས་རབས་གསར་པ་འགོ་ཚུགས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་ཀྱིས་མཉམ་ལས་ཇུས་ཆེན་མཉམ་དུ་གྲོས་བསྡུར་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གྱིས་ཨ་ཧྥེ་རི་ཁར་ལྷག་བསམ་ཟོལ་མེད་བྱེད་པའི་བསམ་ཕྱོགས་དང་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་མུ་མཐུད་རྒྱུན་འཛིན་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”དོན་འཁྱོལ་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུར་སྐུལ་མ་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།