མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས་》ཞེས་པ་རྒྱལ་ཡོངས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་ཨུ་ལྷན་གྱིས་རྩོམ་སྒྲིག་བྱས་པའི་《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས་》ཞེས་པའི་དེབ་སྟོད་ཆ་དང་། བར་ཆ། སྨད་ཆ་བཅས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་ཟླ་9ཚེས་20ཉིན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
         བློ་མཐུན་ཧུའུ་ཅིན་ཐའོ་ནི་ཏང་གི་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཡིན་ལ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གཏོད་མཁན་གཙོ་བོ་དེའང་ཡིན།
         《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས་》ཞེས་པའི་ནང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་1988ལོའི་ཟླ་བ་དྲུག་པ་ནས་2012ལོའི་ཟླ་བ་བཅུ་གཅིག་བར་གྱི་མཚོན་བྱེད་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་བརྩམས་ཆོས་གལ་ཆེན་དང་། སྙན་ཞུ། གསུང་བཤད། གླེང་མོལ། རྩོམ་ཡིག འཕྲིན་ཡིག མཆན་བཀོད་མཛུབ་སྟོན་སོགས་ཁག་242བསྡུས་ཡོད། དེའི་ནང་གི་རྩོམ་ཡིག་མང་ཆེ་བ་ད་རེས་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད། 《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས་》ཞེས་པའི་ནང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་པ་ནས་བཟུང་གི་ལོ་10ཡི་རིང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། རང་རེའི་ཏང་གིས་མི་དམངས་ལ་བརྟེན་ནས་འགྲན་སློང་ཆེན་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་གནང་བ། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་་དེ་དེང་རབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་ཐོག་མཚོན་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་འཕེལ་གྱི་ལོ་རྒྱུས་བརྒྱུད་རིམ་ཁྱོན་ཡོངས་ནས་མངོན་པ་བཅས་གསོན་ཉམས་དོད་པོས་བཀོད་ཡོད། དེར་བརྟེན་དེབ་འདི་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ལག་བསྟར་བྱེད་པའི་སློབ་གཞི་ཡག་ཤོས་དེ་རེད།