མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་
ལེན་མཐར་ཕྱིན་བསྟར་བའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བསྟར་བ་བཅས་བྱེད་པའི་རྦ་རླབས་དྲག་པོ་འཕྱུར་བར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་འཛུགས་རྒྱུ་ཐག་བཅད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཝུའུ་ཡུས་ལིའང་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཁྲེང་ཞི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧོང་ཁོན་མིང་། ཀྲུང་དབྱང་བསྒྱུར་བཅོས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མུའུ་ཧུང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ཅན་ཕིང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཀྲི་ཡུང་། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལེང་རུང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཆུས་ཆིང་ཧྲན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནང་སྲིད་ཁྲིམས་འཛིན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཆང་ཝེ། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལོའུ་ཅི་ཝེ། རྩིས་བཤེར་སྤྱི་འདོམས་ཁང་གི་རྩིས་བཤེར་འགོ་འཛིན་ལིའུ་ཅ་དབྱི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་དབྱི། ལིའོ་ཉིང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་དང་བརྟག་དཔྱད་ཞིབ་འཇུག་ཁང་གི་ཀྲུའུ་རེན་མེང་ཞང་ཧྥེང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུའེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་ཅང་ཝེ། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཕན་ཧྲེང་ཀྲོའུ། ཀྲུང་དབྱང་བསྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེང་དབྱི་ཞིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེ་མོ་གཞོན་པ་ཧྲེན་ཁྲོན་ཡའོ། རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧྲུའུ་ཆི་མིང་། ལྟ་ཞིབ་པུའུ་ཡི་པུའུ་ཀྲང་གཞོན་པ་ཞའོ་ཕེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་ཅང་ཅིན་ཆོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡོན་ཧྲུའུ་ཧོང་། རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲི་ཀྲི་ཧོང་། ཀྲུང་དབྱང་དམག་དོན་ཨུ་ལྷན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་འགན་ཆེད་གཉེར་ཨུ་ཡོན་ཀྲུའུ་གོ་པིའོ་ལ་སོགས་པའི་བློ་མཐུན་25ཡོད་པ་རེད།
           ཟླ་11ཚེས་2ཉིན་ནས་བཟུང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་ཐུན་མོང་སློབ་ཁྲིད་གྲ་སྒྲིག་བྱེད་འགོ་རྩོམ་རྒྱུ་ཡིན་ཞིང་། ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་ལེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྒྲོག་འགྲེལ་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་ལེན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་ལེན་བཅས་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུའི་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་པ་དང་། མིག་སྔར་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བའི་གནད་དོན་དང་གནས་པའི་བསམ་བློའི་དོགས་གཞིར་དམིགས་ནས་བསམ་གཞིགས་དང་ཞིབ་འཇུག་གྲོས་བསྡུར་གཏིང་ཟབ་བྱས་ཏེ་སྒྲོག་འགྲེལ་མ་ཟིན་གྲ་སྒྲིག་ནན་ཏན་བྱས་ཐོག་དོན་དངོས་དང་ཟུང་འབྲེལ་དང་མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་བྱས་དོན་ལ་ལན་སྔར་ལས་ལེགས་པར་འདེགས་གང་ཐུབ་བྱས་ཏེ་སྒྲོག་འགྲེལ་ལ་དམིགས་ས་ཡོད་པའི་རང་བཞིན་དང་ཕན་ནུས་དངོས་ཐོན་གྱི་རང་བཞིན་ལྡན་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུ་རེད།
         ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ནི་ཟླ་11ཚེས་5ཉིན་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་རེད།

  
2016-10-19 2016-10-14