མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་
85འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ཞིས་ཅིན་ཕིང་གིས་གསར་འགྱུར་ཁང་བཙུགས་ནས་ལོ་85འཁོར་བར་བཏང་གནང་བའི་རྟེན་འབྲེལ་གློག་འཕྲིན།
         ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་85འཁོར་བའི་མཚམས་སུ་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིན་ཧྭ་གསར་འགྱུར་ཁང་གི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
         ཤིན་ཧྭ་གསར་འགྱུར་ཁང་ནི་རང་རེའི་ཏང་གིས་བཙུགས་པ་དང་། འགོ་ཁྲིད་བྱས་པའི་གསར་འགྱུར་གླེང་ཕྱོགས་ཀྱི་སྒྲིག་གཞི་ཞིག་རེད་ལ། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འཐབ་ས་གཙོ་བོ་ཞིག་ཀྱང་རེད། ལོ་85ཡི་རིང་ཤིན་ཧྭ་གསར་འགྱུར་ཁང་གིས་ཏང་གི་ཁྲིད་སྟོན་ཁ་ཕྱོགས་མཐའ་འཁྱོངས་དང་། ཏང་གཤིས་རྩ་དོན་མཐའ་འཁྱོངས། ཆབ་སྲིད་མཁས་ཅན་གྱིས་གསར་འགྱུར་ཁང་གཉེར་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་དུས་རབས་དང་མཉམ་དུ་ཡར་རྒྱས་ཡོང་བ་དང་། ཏང་གི་འདོད་ཚུལ་དྲིལ་བསྒྲགས། མང་ཚོགས་ཀྱི་འབོད་སྒྲ་གོང་ཞུ་བཅས་བྱས་ནས་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་རྒྱལ་ཁ་ཆེན་པོ་རྒྱུན་ཆད་མེད་པར་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
         དུས་བབ་གསར་པའི་འོག་ཤིན་ཧྭ་གསར་འགྱུར་ཁང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྟོན་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། གསར་བརྗེའི་རྩ་བ་རྒྱུན་འཛིན་བྱེད་པ། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། བློ་ཐག་ཆོད་པོས་སྒྱུར་བཅོས་གསར་གཏོད་བྱེད་པ། མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སྤེལ་རེས་རྒྱ་ཆེར་གཏོང་བ། རྒྱལ་སྤྱིའི་རྩེར་སོན་གྱི་འཛམ་གླིང་རང་བཞིན་གྱི་འཕྲིན་སྤེལ་ཁང་གསར་པ་མགྱོགས་མྱུར་བསྐྲུན་པ་བཅས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དེ་བས་ལེགས་པའི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས།
         ཞིས་ཅིན་ཕིང་ནས། 
         2016ལོའི་ཟླ་11ཚེས་5ཉིན།
         ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་85འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིན་ཧྭ་གསར་འགྱུར་ཁང་གི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         རྟེན་འབྲེལ་གློག་འཕྲིན་ནང་ཞིས་ཅིན་ཕིང་གིས། ཤིན་ཧྭ་གསར་འགྱུར་ཁང་ནི་རང་རེའི་ཏང་གིས་བཙུགས་པ་དང་། འགོ་ཁྲིད་བྱས་པའི་གསར་འགྱུར་གླེང་ཕྱོགས་ཀྱི་སྒྲིག་གཞི་ཞིག་རེད་ལ། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འཐབ་ས་གཙོ་བོ་ཞིག་ཀྱང་རེད། ལོ་85རིང་ཤིན་ཧྭ་གསར་འགྱུར་ཁང་གིས་ཏང་གི་ཁྲིད་སྟོན་ཁ་ཕྱོགས་མཐའ་འཁྱོངས་དང་། ཏང་གཤིས་རྩ་དོན་མཐའ་འཁྱོངས། ཆབ་སྲིད་མཁས་ཅན་གྱིས་གསར་འགྱུར་ཁང་གཉེར་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་དུས་རབས་དང་མཉམ་དུ་ཡར་རྒྱས་ཡོང་བ་དང་། ཏང་གི་འདོད་ཚུལ་དྲིལ་བསྒྲགས། མང་ཚོགས་ཀྱི་འབོད་སྒྲ་གོང་ཞུ་བཅས་བྱས་ནས་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་རྒྱལ་ཁ་ཆེན་པོ་རྒྱུན་ཆད་མེད་པར་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཤིན་ཧྭ་གསར་འགྱུར་ཁང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྟོན་ཕྱོགས་སྟངས་འཛིན་ནན་པོབྱེད་པ། གསར་བརྗེའི་རྩ་བ་རྒྱུན་འཛིན་བྱེད་པ། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། བློ་ཐག་ཆོད་པོས་སྒྱུར་བཅོས་གསར་གཏོད་བྱེད་པ། མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སྤེལ་རེས་རྒྱ་ཆེར་གཏོང་བ། རྒྱལ་སྤྱིའི་རྩེར་སོན་གྱི་འཛམ་གླིང་རང་བཞིན་གྱི་འཕྲིན་སྤེལ་ཁང་གསར་པ་མགྱོགས་མྱུར་བསྐྲུན་པ་བཅས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དེ་བས་ལེགས་པའི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཚེས་5ཉིན་གྱི་སྔ་དྲོ། ཤིན་ཧྭ་གསར་འགྱུར་ཁང་བཙུགས་ནས་ལོ་85འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག་ཞིས་ཅིན་ཕིང་གིས་བསྐུར་གནང་བའི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་བྱས་པ་དང་། ཤིན་ཧྭ་གསར་འགྱུར་ཁང་གི་བློ་མཐུན་རྒན་གྲས་དང་། ལས་བཟོ། གཞོན་ནུ་བློ་མཐུན་བཅས་ཀྱི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།
         1931ལོའི་ཟླ་11ཚེས་7ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་སྔ་མིང་དམར་པོའི་ཀྲུང་ཧྭ་འཕྲིན་སྤེལ་ཁང་རུའེ་ཅིན་དུ་བཙུགས་པ་དང་། 1937ལོའི་ཟླ་དང་པོར་ཡན་ཨན་དུ་ཤིན་ཧྭ་གསར་འགྱུར་ཁང་ཞེས་མིང་བསྒྱུར་པ་རེད། 1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་ཀྱི་འཕྲིན་སྤེལ་ཁང་དུ་གྱུར་པ་རེད། ལོ་85ཡི་འཕེལ་རྒྱས་ཕྱིན་པ་བརྒྱུད་ད་ཆ་ཤིན་ཧྭ་གསར་འགྱུར་ཁང་ལ་རྒྱལ་ནང་གི་ཡན་ལག་གསར་འགྱུར་ཁང་32དང་ཕྱིར་སྡོད་ཡན་ལག་གསར་འགྱུར་ཁང་180ཡོད་པ་དང་གསར་འགྱུར་ལྟ་ཀློག་བྱེད་མཁན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ཁྱབ་ཡོད།