མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་《རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་
གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་འཆར་འགོད་》གྲོས་འཆམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་11ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་གཞིར་བཟུང་བཟོས་པའི་དབུལ་སྒྲོལ་འགག་སྒྲོལ་དང་། སློབ་གསོ་དབུལ་སྒྲོལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས“ཞན་ཆ”གསུམ་གསབ་པའི་འཆར་འགོད་གྲོས་འཆམ་བྱུང་བ་རེད།
          ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཡིན་པས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཁྲོད་ཀྱི“ཞན་ཆ”མངོན་གསལ་དོད་ཤོས་གསབ་པ། ཐུན་མོང་ཐོག་འབྱོར་ཕྱུག་ཕྱོགས་སུ་སྐྱོད་པ་བཅས་ལ་ཕན་ཐོགས་ཡོད། གནད་སྨིན་དབུལ་སྐྱོར་དབུལ་སྒྲོལ་དང་སྤྱི་ཡོངས་སྐུལ་འདེད་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་གསར་བརྗེའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅས་གཙོ་གནད་དུ་བྱས་ནས་ས་ཁུལ་དབུལ་པོའི་རང་གིས་རང་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བའི་ལས་གྲྭ་འགངས་ཆེན་ཁག་གཅིག་མགྱོགས་མྱུར་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་བསལ་ཐོག་2020ལོར་དབུལ་སྒྲོལ་འགག་སྒྲོལ་ཐུབ་པའི་དམིགས་ཚད་འགན་ལེན་བྱེད་དགོས། གཅིག་ནས་ཐོན་ལས་དུད་ཚང་དང་མི་ཐོག་ཏུ་འཁྱོལ་བའི་གནད་སྨིན་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཁྲོམ་ར་ཕྱོགས་སྟོན་དུ་བྱས་ནས་ཞིང་པའི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཞིང་ནགས་དང་། ཡུལ་སྐོར། དྲ་ཐོག་ཚོང་དོན་སོགས་འཕེལ་རྒྱས་གཏོང་བ་དང་། དབུལ་པོའི་རྫོང་དང་། ཤང་། གྲོང་ཚོ་བཅས་ཚང་མར་ཁྱད་ལྡན་ཐོན་ལས་དང་སྣེ་འདྲེན་ཐོན་རྫས་གྲུབ་རྒྱུར་སྐུལ་འདེད་གཏོང་བ། ཆུ་གློག་དང་གཏེར་ཐོན་ཐོན་ཁུངས་གསར་སྤེལ་གྱི་རྒྱུ་ནོར་དང་ཕན་འབྲས་ལ་བརྟེན་ནས་དབུལ་སྐྱོར་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་བ་བཅས་བྱས་ཐོག་དུད་ཚང་དབུལ་པོར་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་ཐོབ་པ་བྱེད་དགོས་པ་དང་། གཉིས་ནས་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ལེ་ས་ཡའི་གྲོང་གསེབ་ཀྱི་གཞུང་ལམ་དང་། ཆུ་བེད་ལས་གྲྭ་ཆུང་གྲས། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད། ཞིང་དྲ་སྒྱུར་བཀོད་རིམ་སྤོར། དྲ་རྒྱའི་འཕྲིན་གཏོང་དབུལ་སྐྱོར་སོགས་ལས་གྲྭར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་བཀོད་སྒྲིག་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཏེ་གྲོང་རྡལ་ཅན་གསར་པ་དང་ཟུང་འབྲེལ་བྱས་ནས་བཀོད་སྒྲིག་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སོགས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བྱས་ཐོག་གནས་སྤོས་དུད་ཚང་ལ་ལས་ཞུགས་ཐབས་ལམ་ཡོད་པ་དང་ཡོང་འབབ་མང་དུ་འགྲོ་བའི་འགན་ལེན་བྱེད་དགོས་པ། བཞི་ནས་ས་ཁུལ་དབུལ་པོའི་རྒན་གསོ་དང་། སྨན་བཅོས། སློབ་གསོ་སོགས་གཞི་རྩའི་དམངས་འཚོའི་འགན་ལེན་ཡག་པོ་སྒྲུབ་པ་དང་ལྷག་པར་དུ་སྨན་བཅོས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་དང་བདེ་ཐང་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད་ཁྱིམ་ཚང་དབུལ་པོ་ནད་གཞི་ཕོག་པར་བརྟེན་ནས་དབུལ་པོར་འགྱུར་བ་དང་སླར་ཡང་དབུལ་པོ་ཆགས་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ། ལྔ་ནས་ནོར་སྲིད་དང་། མ་འཇོག དངུལ་རྩ། ས་ཞིང་སོགས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། ཤར་རྒྱུད་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་རོགས་སྐྱོར་བྱེད་པ་སོགས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ་དབུལ་སྒྲོལ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་འདུས་ཤུགས་ཆགས་པར་བྱེད་དགོས་པ་བཅས་བསྟན་པ་རེད།
          ཚོགས་འདུའི་ཐོག་སློབ་གསོའི་དབུལ་སྐྱོར་འགག་སྒྲོལ་གྱི་ལོ་ལྔའི་འཆར་གཞི་གྲོས་འཆམ་བྱུང་ནས་གཏན་འཁེལ་བྱས་དོན། གཅིག་ནས་ཡོད་མུས་ཀྱི་ནོར་སྲིད་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ས་གནས་ཁག་ལ་རྫོང་དབུལ་པོའི་འོས་འགན་སློབ་གསོའི་མངོན་གསལ་དོད་པའི“ཞན་ཆ”ལེགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་གསོའི་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། གསུམ་ནས་ས་ཁུལ་དབུལ་པོའི་ས་ཁུལ་རིམ་པའི་གྲོང་ཁྱེར་(ཀྲོའུ་དང་མོང)ཚང་མར་ཉུང་མཐར་ཡང་ས་ཆ་དེ་གའི་འཕེལ་རྒྱས་དགོས་མཁོ་དང་མཐུན་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་སྐྲུན་དགོས་པ་བཅས་རེད།
          ཚོགས་འདུའི་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་ཡིན་ལ་མི་དམངས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱ་ཡུལ་དེའང་རེད་ཅེས་བསྟན་ཡོད། ཚོགས་འདུའི་ཐོག་《“ལོ་ལྔ་ཚན་བཅུ་གསུམ་པའི”སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཆར་འགོད་》གྲོས་འཆམ་བྱུང་ནས་གཤམ་གྱི་ལས་འགན་ཁག་གཏན་འཁེལ་བྱས་པ་སྟེ། གཅིག་ནས་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་དགོས་པ། གསུམ་ནས་ལྕི་བའི་ལྕགས་རིགས་དང་། ཉེན་ཡོད་སྙིགས་རོ། དུག་ལྡན་གནོད་ལྡན་གྱི་རྫས་འགྱུར་ཐོན་རྫས་སོགས་ཀྱི་ཉེན་ཁའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་དགོས་པ། བཞི་ནས་ཁེ་ལས་ཀྱི་ཕྱིར་འབུད་ཆོག་འཐུས་དང་། བཙོག་འབུད་ཁེ་དབང་ཉོ་ཚོང་། ཁོར་ཡུག་གནོད་འཚེ་སྐྱིན་གསབ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད།