མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐེ་རོན་ཕུ་དང་ཞལ་པར་ཐོག་
བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐེ་རོན་ཕུ་དང་ཞལ་པར་ཐོག་བཀའ་མོལ་གནང་བ་རེད།
      ཞིས་ཅིན་ཕིང་གིས་ཐེ་རོན་ཕུ་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཚུན་ལོ་37རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཡག་ཏུ་སོང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ངོ་མ་ཐོབ་ཡོད་ལ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་ཀྱང་ཐེབས་ཡོད། མཉམ་ལས་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཡང་དག་པའི་གདམ་ག་འབའ་ཤིག་དེ་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། མིག་སྔར་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གོ་སྐབས་གལ་ཆེན་ལྡན་ལ་གཏིང་ཤུགས་ཆེན་པོ་ཞིག་ཀྱང་ལྡན་ཡོད། དེས་ན་ཕྱོགས་གཉིས་པོས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཕན་དེ་བས་མང་པོ་ཐོབ་ཐུབ་པ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      ཞིས་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས། འཛམ་གླིང་མདུན་གྲལ་གྱི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་བཅས་ཡིན་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱེད་དགོས་ཀྱི་ཡོད་ལ་མཉམ་ལས་བྱེད་ཆོག་པའི་བྱ་བའང་མང་པོ་ཡོད། ངས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་ཁབ་གཞན་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
      ཐེ་རོན་ཕུ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ང་ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཛིན་པའི་གཟིགས་ཚུལ་ལ་ང་ཡིད་མཐུན་ཡོད། ཀྲུང་གོ་ནི་རླབས་ཆེ་བ་དང་གལ་ཆེ་བའི་རྒྱལ་ཁབ་ཅིག་རེད། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པ་ནི་ཀུན་གྱིས་མཐོང་གསལ་རེད། ཨ་ཀྲུང་རྒྱལ་ཁབ་གཉིས་པོར་གཉིས་ཁེ་གཉིས་ཕན་ཡོང་ཐུབ། ངས་ཁྱེད་དང་མཉམ་དུ་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཞིས་ཅིན་ཕིང་དང་ཐེ་རོན་ཕུ་གཉིས་ཀྱིས་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་གནང་རྒྱུ་དང་། ལས་ཀའི་འབྲེལ་བ་ཡག་པོ་ཞིག་འཛུགས་རྒྱུ། དེ་བཞིན་སྔ་ཙམ་མཇལ་འཛོམས་གནང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་ཕྱོགས་གཉིས་པོས་ཐུགས་ཁུར་གནང་བའི་གནད་དོན་ཐད་དུས་ཐོག་ཏུ་དགོངས་འཆར་བརྗེ་རེས་གནང་རྒྱུའི་ཡིད་མཐུན་གནང་ཡོད་པ་རེད།