མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་《དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་
རྒྱག་རྒྱུའི་གནས་སྐབས་ལག་བསྟར་གཏན་འབེབས་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱིས་《དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་རྒྱུའི་གནས་སྐབས་ལག་བསྟར་གཏན་འབེབས་》པར་འགྲེམས་བྱས་ནས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དོན་འཁྱོལ་བྱེད་པར་བྱ་ཐབས་ནན་པོ་བཏོན་པ་དང་འགྱུར་མེད་རང་བཞིན་གྱི་ཚད་གཞི་བཟོས་ཡོད་པ་རེད།
          《གཏན་འབེབས་》ནང་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་སྐོར་གྱི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཁྲིད་སྟོན་དུ་བྱས་ནས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་གྱི་གཞི་རྩའི་ནང་དོན་དང་སྤྱིའི་བླང་བྱ་ཁ་གསལ་བཟོས་པ་དང་དམག་ཡོངས་ཀྱིས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་གྱི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བ་བྱས་ཁར། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ནི་དངོས་འཐབ་ཀྱི་དགོས་མཁོ་ནས་འགོ་བཙུགས་ཏེ་དཀའ་ཚེགས་དང་བསྒམ་ནན་གྱི་སྦྱོང་བརྡར་ཡིན་པ་མ་ཟད། དམག་དོན་སྦྱོང་བརྡར་གྱི་གཞི་རྩའི་བླང་བྱ་རེད་ལ། སྦྱོང་བརྡར་དང་དངོས་འཐབ་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བའི་གལ་ཆེའི་འགན་ལེན་ཡང་ཡིན་པས། དམག་ཡོངས་ཀྱིས་ངེས་པར་དུ་དངོས་འཐབ་ཅན་དེ་དམག་དོན་སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྱབ་ཁོངས་ཚང་མར་ལག་བསྟར་དང་འཇུག་ཐུབ་པ་དགོས་པའི་ནན་བཤད་བྱས་ཡོད་པ་རེད།