མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལས་དོན་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་23ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལས་དོན་རྟོག་ཞིབ་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལས་དོན་རྟོག་ཞིབ་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟན་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་ཁྲིད་ཕྱོགས་དང་གླེང་ཕྱོགས་ཡང་དག་གི་འཁྲིད་སྟོན་དམ་པོར་བཟུང་ཐོག་སྨྱན་སྦྱོར་མཉམ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ནུས་ཤུགས་ཆེ་ལ་འགྲན་རྩོད་དྲག་པོའི་སྨྱན་སྦྱོར་གཙོ་བོར་གསར་པ་ཞིག་བསྐྲུན་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་གླེང་ཕྱོགས་བཟང་པོ་བསྐྲུན་དགོས་པའི་ནན་གསུང་གནང་བ་རེད།
           ལིའུ་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་གི"ཐབ་ཁང་དཀྱིལ་མ"རུ་ཕེབས་ཏེ་སྨྱན་སྦྱོར་མཉམ་ལས་ཀྱི་རྩོམ་སྒྲིག་སྟེགས་བུ་བསྐྲུན་པའི་གནས་ཚུལ་མཚམས་སྦྱོར་གསན་རྗེས། ཚང་མར་གསར་འགྱུར་འཚོལ་བསྡུ་དང་རྩོམ་སྒྲིག  ཁྱབ་བསྒྲགས་བཅས་ཀྱི་ལས་དོན་ཞིབ་ཚགས་ངང་བསྒྲུབ་ནས་ཤུགས་རྐྱེན་ཆེ་ཙམ་གྱི་སྨྱན་སྦྱོར་མཉམ་ལས་ཀྱི་ཐོན་རྫས་མང་པོ་བཟོས་ཏེ་ཏང་གི་ཚགས་པར་གྱི་དྲིལ་བསྒྲགས་ལེགས་ཆ་དེ་དྲ་ཐོག་ཏུ་སྤེལ་དགོས་པའི་སྐུལ་མ་གནང་བ་རེད། སྨྱན་སྦྱོར་གསར་པའི་ལྟེ་གནས་སུ། ལིའུ་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་མཁོ་མཁན་ཕྱོགས་དང་ཁྲིམས་མིའི་པོད་ཕྲན། འཕྲིན་ཕྲན་གཉེར་སྐྱོང་གི་གནས་ཚུལ་ཆ་རྒྱུས་བྱུང་རྗེས། སྨྱན་སྦྱོར་གསར་པས་ནན་ཏན་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་སྤྱི་ཚོགས་ཀྱི་ཕན་ནུས་ཨང་དང་པོར་བཞག་སྟེ་དྲ་ཐོག་གི་གླེང་ཕྱོགས་ལ་སྣེ་འཁྲིད་དང་། བརྗོད་དོན་གཙོ་བོ་ཡོངས་བསྒྲགས་ཏེ་དྲང་ནུས་སྒྲོག་དགོས་ལུགས་ནན་པོར་གསུངས། མི་དམངས་དྲ་བར་ཕེབས་དུས། ལིའུ་ཡུན་ཧྲན་གྱིས་གཞི་རིམ་མང་ཚོགས་དང་ཡུལ་དངོས་སུ་སྐུད་སྦྲེལ་སྤེལ་རེས་གནང་རྗེས། མི་དམངས་དྲ་བས་མང་ཚོགས་ལ་འབྲེལ་བ་བྱེད་པའི་སྦྲེལ་ཟམ་མང་པོ་བསྐྲུན་ཏེ་གནད་དོན་དངོས་ཐག་གཅོད་པར་སྐུལ་འདེད་བཏང་ནས་མང་ཚོགས་ལ་ཞབས་ཞུ་སྔར་ལས་ལྷག་པར་བསྒྲུབ་དགོས་པའི་རེ་སྐུལ་གནང་བ་རེད།

༄༅།།ལིའུ་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལས་དོན་རྟོག་ཞིབ་གནང་བ།
༄༅།།ལིའུ་ཡུན་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལས་དོན་རྟོག་ཞིབ་གནང་བ།