མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཐུར་ཁེའི་ཡི་གེའི་
པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དེ་ཨན་ཁ་རར་གཉེར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཐུར་ཁེའི་ཡི་གེའི་
པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དེ་ཨན་ཁ་རར་གཉེར་བ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེའི་དུས་ཚོད་ཟླ་4ཚེས་17ཉིན་ཨན་ཁ་རར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ཐུར་ཁེའི་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་གཉེར་བ་རེད། ཐུར་ཁེར་དངོས་གཞིའི་འཚམས་འདྲི་གནང་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་ཐུར་ཁེའི་ཙུང་ལི་གཞོན་པ་ཤིས་མུའུ་ཤེ་ཁེ་མཉམ་དུ་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་གནང་བ་རེད།
         ལིའུ་ཡན་ཏུང་གིས་ཤིས་ཚིག་གསུངས་སྐབས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་ཁྲོད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་བཏོན་གནང་བ་དང་འབྲེལ་དུས་རབས་གསར་པའི་ཆ་རྐྱེན་འོག་གི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་ཀྱི་གནད་དོན་ཐད་ལན་གསལ་པོ་བསྐྱོན་པ་མ་ཟད། ཀྲུང་གོའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་དང་། སྲིད་སྐྱོང་མཛད་ཇུས། རྒྱལ་ནང་དང་རྒྱལ་ཕྱིའི་སྲིད་ཇུས་བཅས་གཅིག་སྡུད་ཐོག་མཚོན་པར་བྱས་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟའི་ཀྲུང་གོར་རྒྱུས་མངའ་ཡོང་བ་བྱེད་པའི་སྐར་ཁུང་གལ་ཆེན་དང་ཀྲུང་གོའི་གནད་དོན་གྱི་དྲིས་ལན་འཚོལ་བྱེད་ཀྱི་ལྡེ་མིག་ལྟ་བུར་གྱུར་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཐུར་ཁེའི་ཡི་གེའི་པར་མ་དཔེ་སྐྲུན་བྱས་པ་དེ་ཐོག་ནས་ཐུར་ཁེའི་ཀློག་པ་པོས་སོ་སོའི་སྐད་ཡིག་གི་ལམ་ནས་ཀྲུང་གོའི་འགོ་ཁྲིད་པའི་སྲིད་སྐྱོང་འདུ་ཤེས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་དོན་གཉེར། ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་བཅས་རྟོགས་ཐུབ་པ་དེས་ཀྲུང་གོ་དང་ཐུར་ཁེའི་དབར་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱུས་མངའ་ཟབ་ལོན་དང་ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བའི་རྨང་གཞི་བརྟན་པོ་འདིང་རྒྱུར་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས།
         ཤིས་མུའུ་ཤེ་ཁེས་ཤིས་ཚིག་གསུངས་སྐབས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ཁྲོད་ཀྱི་གལ་འགངས་རང་བཞིན་རྒྱུན་མི་ཆད་པར་མཐོ་རུ་སོང་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ནང་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་པས་དེ་ནི་ཐུར་ཁེ་མི་དམངས་ཀྱིས་ཀྲུང་གོའི་ཆབ་སྲིད་དང་། འཕེལ་རྒྱས་ཀྱི་འདུ་ཤེས། འཕེལ་རྒྱས་ཀྱི་ལམ་བུ་བཅས་ལ་རྒྱུས་མངའ་ཡོང་བ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་སྟོན་ཡོད་ལ་འགྲེལ་བཤད་ཀྱང་ཡག་པོ་བརྒྱབ་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་པའི་ནང་ཧུར་ཐག་ཞུགས་འདོད་ཡོད། དེ་ལས་ཐུར་ཁེ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་འབྲེལ་བའི་ཐད་གོ་སྐབས་གསར་པ་འཕྲད་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།