མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨང་ཧྲན་སུའུ་ཅི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཨང་ཧྲན་སུའུ་ཅི་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅི་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་འབར་དབར་གྱི“པའོ་པོ”ཡི་བརྩེ་དུང་ཟབ་ཅིང་རྒྱུན་རིང་ལ་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ཡང་ཕྱོགས་གང་སར་ཁྱབ་ཡོད། ཙུང་ཐུང་ཝུའུ་ཐིང་ཅུའེ་ཡིས་ཟླ་བ་གོང་མར་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ཞིང་། དེའི་རིང་ཕྱོགས་གཉིས་པོར་དུས་སྐབས་གསར་པའི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་གཏོང་རྒྱུའི་ཐད་གཅིག་མཐུན་གྱི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་དང་མཉམ་དུ་སྔ་འཛིན་ཕྱི་གཏོད་དང་། དུས་བསྟུན་མདུན་སྐྱོད། སྲོལ་རྒྱུན་མཛའ་གྲོགས་དར་སྤེལ། གཉིས་ཕན་མཉམ་ལས་ཟབ་གཏོང་བཅས་བྱས་ནས་ཀྲུང་འབར་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་ཐད་ཕན་ཚུན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་སྟེ་གཙོ་གནད་མཉམ་ལས་རྣམ་གྲངས་ལག་ལེན་བདེ་བླག་ངང་བསྟར་རྒྱུར་སྐུལ་འདེད་དང་དཔལ་འབྱོར་བར་ཁྱམས་དང་། རྨང་གཞིའི་སྒྲིག་བཀོད། དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དམངས་ཁྲོད་ཀྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། དམངས་འཚོ་དང་མི་ཆོས་སོགས་ཐད་བྱུང་བའི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གཅིག་མཐུན་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ། ཡུལ་སྐོར་དང་། རིག་གནས། སྨྱན་སྦྱོར་བཅས་ཀྱི་སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་འབར་གྱི་མཛའ་གྲོགས་འབྲེལ་བར་དམངས་ཀྱི་མོས་པ་ཐོབ་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་རྒྱལ་ནང་གི་ཞི་བདེ་འཕེལ་རིམ་ལ་མུ་མཐུད་དགོས་ངེས་ཀྱི་གཞོགས་འདེགས་བྱེད་འདོད་ཡོད་ལ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་འབར་གྱི་མཐའ་མཚམས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཡང་བྱེད་དགོས་ཞེས་ནན་བཤད་ཀྱང་གནང་བ་རེད།
           ཨང་ཧྲན་སུའུ་ཅི་ཡིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་གཡུར་ཟའི་འབྲས་བུ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ལས་ས་ཁུལ་དེ་ག་དང་འཛམ་གླིང་ལ་ཞི་བདེ་དང་། མཐུན་འགྲིག དར་རྒྱས་བཅས་ཡོང་རྒྱུ་རེད། འབར་མ་ཕྱོགས་ཀྱིས་འབར་ཀྲུང་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ་འབད་བརྩོན་ཡང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་སྲིད་ཏང་དབར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་། མི་དམངས་དབར་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། “པའོ་པོ”ཡི་བརྩེ་དུང་ཟབ་ཏུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་མཉམ་ལས་བྱེད་འདོད་ཡོད་ལ། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།