མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྲིད་པུས་བྱེད་ཐབས་ལྔ་ལ་བརྟེན་ནས“ཀུན་ནུས་གྲོང་ལྷན”གྱི་གནད་དོན་ཕྱོགས་
ཡོངས་ནས་གཙང་བཤེར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་དམངས་སྲིད་པུའི་གཞི་རིམ་སྲིད་དབང་དང་སྡེ་ཁུལ་འཛུགས་སྐྲུན་སིའི་སི་ཀྲང་ཁྲེན་གཡོད་ལེའང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག“ཀུན་ནུས་གྲོང་ལྷན”དང“སྡེ་ཁུལ་གྱི་ཀུན་ནུས་སྒྲིག་སྲོལ”སོགས་ཀྱི་གནད་དོན་གྱིས་རང་རྒྱལ་གྱི་སྡེ་ཁུལ་རང་སྐྱོང་དང་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཚོད་འཛིན་ཚབས་ཆེན་བཟོས་ཡོད་པས། སླད་ཕྱིན་བྱེད་ཐབས་ལྔ་ལ་བརྟེན་ནས་ཕྱོགས་ཡོངས་ནས་གཙང་བཤེར་དང་ཐག་གཅོད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཁྲེན་གཡོད་ལེའང་གིས་དུས་ཡུན་རིང་པོའི་ནང་གཞི་རིམ་གྱི་ཞབས་ཞུ་དོ་དམ་གྱི་ལས་འགན་རྒྱུན་ཆད་མེད་པར་ལྕི་རུ་ཕྱིན་སྟབས། གཞི་རིམ་སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་རྒྱུ་དམིགས་སར་འབྱོར་མེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་ཚད་ད་དུང་མི་འདང་བ། སྡེ་ཁུལ་རྩ་འཛུགས་ཀྱི་སྲིད་འཛིན་གྱི་ཁུར་པོ་ཉིན་རེ་ལས་ཉིན་རེ་མ་འདས་པར་ལྕི་རུ་སོང་བ། “ཀུན་ནུས་གྲོང་ལྷན”དང“སྡེ་ཁུལ་གྱི་ཀུན་ནུས་སྒྲིག་སྲོལ”གྱི་གནད་དོན་མངོན་གསལ་དོད་དུ་སོང་བ་བཅས་ཀྱི་རྐྱེན་པས། སྡེ་ཁུལ་གྱི་ལས་དོན་མི་སྣས་སེམས་ནུས་གཙོ་བོ་གྲོང་མི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཐད་སྤྱོད་ཐབས་བྲལ་བས་སྡེ་ཁུལ་རང་སྐྱོང་དང་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཚོད་འཛིན་ཚབས་ཆེན་ཕོག་པ་དང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཏང་དང་མང་ཚོགས་དང་ལས་བྱེད་པའི་དབར་གྱི་འབྲེལ་བར་ཤུགས་རྐྱེན་ངན་པ་བཟོས་ཡོད་ཅེས་བརྗོད།
         དེར་བརྟེན། ཉིན་ཤས་གོང་པར་འགྲེམས་བྱས་པའི་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》ནང“སྡེ་ཁུལ་གྱི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ”དེ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་བཅོས་སྐྱོང་གི་ཞན་ཆ་གསབ་རྒྱུའི་ནང་བཅུག་ནས་སྡེ་ཁུལ་གྱི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་གཏོང་བའི་ལས་དོན་གྱི་རྩ་དོན་བཞི་དང་བྱེད་ཐབས་ལྔ་གསལ་པོར་བཏོན་ཡོད་པ་རེད།
         ཁྲེན་གཡོད་ལེའང་གིས་རྩ་དོན་བཞིའི་ནང་། གཅིག་ནས་གཞི་རིམ་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་གཏན་འཁེལ་བའི་འགན་འཁྲི་འཁུར་དགོས་པ་ལས་གཞི་རིམ་ལ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་འགན་ཁུར་རྒྱུའི་རེ་བ་འདོན་མི་རུང་བ་དང་། གཉིས་ནས་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དེ་སྲིད་འཛིན་ཁྲིམས་སྐྱོང་དང་། སྡོད་ཁང་བཤིག་སྤོ། ཁྲིམས་འགལ་བཤིག་སྤོ། ཁོར་ཡུག་བཅོས་སྐྱོང་། ཚོང་འགུགས་མ་འདྲེན་སོགས་ཀྱི་ལས་དོན་གྱི་འགན་འཁྲིའི་བྱེད་པོར་བརྩི་མི་རུང་བ། གསུམ་ནས་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ལས་དོན་གྱི་དོན་ཚན་ལ་ཁྲིམས་ལྟར་མཐུན་སྦྱོར་བྱེད་དགོས་ན། ངེས་པར་དུ་དེར་འགྲོ་གྲོན་དང་དགོས་ངེས་ཀྱི་ལས་ཀའི་ཆ་རྐྱེན་གཏོད་དགོས་པ། བཞི་ནས་གཞི་རིམ་སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་གིས་ཁེར་རྐྱང་ངང་དཔྱད་ཞིབ་དང་དཔྱད་འདེམས་བྱེད་སྒོ་སྒྲིག་འཛུགས་མི་བྱེད་པར་སྡེ་ཁུལ་ལས་དོན་གྱི“སྤ་སེ་གཅིག་གིས་ཁྲ་སློག་པའི”དོན་ཚན་མེད་པ་བཟོ་དགོས་པ་བཅས་ཚུད།
         བྱེད་ཐབས་ལྔའི་ནང་། གཅིག་ནས་སྡེ་ཁུལ་ལས་དོན་གྱི་གསལ་ཐོར་གཞིགས་ནས་སྡེ་ཁུལ་ལས་དོན་གྱི་འཇུག་འཐུས་ལམ་ལུགས་བཟོ་བ་དང་། གཉིས་ནས་གཞི་རིམ་སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་གིས་སྡེ་ཁུལ་དུ་བཙུགས་པའི་ལས་དོན་སྒྲིག་གཞི་དང་འཕར་མར་བཀལ་བའི་བྱང་བུ་སྣ་ཚོགས་སྔར་བས་གཙང་བཟོ་དང་ཚད་ལྡན་དུ་གཏོང་བ། གསུམ་ནས་སྡེ་ཁུལ་གྱི་ཚོགས་འདུ་དང་ལས་ཀའི་རྩིས་ཁྲ་སྟབས་བདེར་གཏོང་བ། བཞི་ནས་གཞི་རིམ་སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་གིས་གཞི་རིམ་ལ་མང་ཚོགས་རང་བཞིན་གྱི་རང་སྐྱོང་དང་སྒྲིག་འཛུགས་བྱེད་པར་བྲིས་པའི་ངོ་སྤྲོད་ཡི་གེ་སྣ་ཚོགས་ཕྱོགས་ཡོངས་ནས་གཙང་སེལ་བྱེད་པ། ལྔ་ནས་གཞི་རིམ་སྲིད་གཞུང་གིས་གཅིག་གྱུར་ངང་སྡེ་ཁུལ་ལས་དོན་གྱི་ཕྱོགས་བསྡུས་དཔྱད་ཞིབ་དང་དཔྱད་བསྡུར་བྱེད་པ་བཅས་ཚུད་ཡོད་ཅེས་བརྗོད་པ་རེད།