མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཟླ་དང་པོ་ནས་ལྔ་པ་བར་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་མྱུར་
ཙམ་འཕར་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

              མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའུ་ཡིས་ཡོངས་བསྒྲགས་གསར་ཤོས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ་དང་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་དང་ཁེ་སྤོགས་རྒྱུན་མཐུད་ངང་མྱུར་ཙམ་འཕར་ནས་ཁེ་སྤོགས་འཕར་ཚད་དེ་ཡོང་འབབ་ལས་བརྒྱ་ཆའི་གྲངས་8.1གིས་མཐོ་བ་ཡོད་པ་དང་རྡོ་སོལ་དང་། ངར་ལྕགས། མདོག་ལྡན་ལྕགས་རིགས་སོགས་ལོ་གོང་མའི་དུས་མཚུངས་ནང་གྱོང་གུན་ཕོག་པའི་ལས་རིགས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་འཕར་བ་རེད།
             ཟླ་དང་པོ་ནས་ལྔ་པ་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་197473.3ཟིན་ནས་དུས་མཚུངས་ལས་17.4%འཕར་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་10376.3ཟིན་ནས་དུས་མཚུངས་ལས་25.5%འཕར་བ། གཞུང་ཁོངས་ཁེ་ལས་ཀྱི་འཇལ་དགོས་པའི་ཁྲལ་དངུལ་སྒོར་དུང་ཕྱུར་16688.1ཟིན་ནས་དུས་མཚུངས་ལས་9.6%འཕར་བ་བཅས་རེད།