མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་
ཆེར་དང་དམག་དཔུང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ་》(གཞི་རིམ་དཔོན་དམག་
གིས་སྤྱོད་རྒྱུ)དམག་ཡོངས་ལ་པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། གཞི་རིམ་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་རྣམ་་བཤད་གལ་ཆེན་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་གཞི་རྩ་དེ་བས་བརྟན་དུ་གཏོང་བ་དང་དེ་བས་ལེགས་པའི་སྒོ་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་དོན་ལ་མཛུབ་ཁྲིད་བྱེད་པ་བཅས་བྱེད་རོགས་བྱ་ཆེད། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་པུས་《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ་》(གཞི་རིམ་དཔོན་དམག་གིས་སྤྱོད་རྒྱུ)རྩོམ་སྒྲིག་པར་སྐྲུན་བྱས་ནས་ཉེ་ཆར་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་སྦྲགས་དམག་ཡོངས་ལ་པར་འགྲེམས་ཀྱང་བྱས་པ་རེད།
           དཔེ་དེབ་ཧྲིལ་པོ་གཞི་རིམ་དཔོན་དམག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་2012ལོའི་ཟླ་11ནས་2017ལོའི་ཟླ་4བར་གྱི་རྩོམ་ཡིག་གལ་ཆེན་ཁྲོད་ནས་བདམས་ཏེ་རྩོམ་སྒྲིག་བྱས་པ་དེ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན། འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཅས་རབ་དང་རིམ་པ་གཅིག་སྡུད་ཐོག་མཚོན་ཡོད། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ་》(གཞི་རིམ་དཔོན་དམག་གིས་སྤྱོད་རྒྱུ)སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དེར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་སྙིང་སྟོབས་སྔར་བས་གཅིག་ཏུ་བསྒྲིལ་རྒྱུར་ཆེས་གལ་ཆེའི་དོན་སྙིང་ལྡན་ཡོད།
            དམག་ཨུད་ཆབ་སྲིད་ལས་དོན་པུས་ཉེ་དུས་བརྡ་ཐོ་བཏང་ནས་དམག་ཡོངས་ཀྱིས་《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ》(གཞི་རིམ་དཔོན་དམག་གིས་སྤྱོད་རྒྱུ)སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཞི་རིམ་དཔོན་དམག་ནི་དམག་དཔུང་འཛུགས་སྐྲུན་གྱི་བྱེད་པོ་ཡིན་པས་གཞི་རིམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་ནི་རྩ་བ་བརྟན་པོ་འཛུགས་པའི་རྨང་གཞིའི་འདུ་འགོད་དང་འཐབ་ཇུས་ཀྱི་འདུ་འགོད་ཅིག་ཡིན། ཀྲུང་དབྱང་དམག་ཨུད་ཀྱིས་《ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ལག་བསྟར་ནན་ཏན་བྱས་ནས་སློབ་སྦྱོང་ལག་བསྟར་གྱི་རང་འགུལ་དང་ཆབ་སྲིད་འགན་འཁྲི་སྔར་བས་ཟབ་ཏུ་བཏང་སྟེ་མ་ལག་ཁོང་དུ་ཆུད་པ་དང་། སློབ་སྲོལ་བསྒྱུར་བ། ལྟེ་བར་སྲུང་སྐྱོང་། འཕེལ་རྒྱས་སྣེ་ཁྲིད་བཅས་ཐད་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཐོན་པ་བྱེད་དགོས། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ་》(གཞི་རིམ་དཔོན་དམག་གིས་སྤྱོད་རྒྱུ)པར་འགྲེམས་བྱས་པ་གོ་སྐབས་སུ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ཀུན་ལ་ཁྱབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཕན་འབྲས་གསར་ཤོས་ལ་བརྟེན་ཏེ་དཔོན་དམག་སྟངས་འཛིན་བྱེད་པ་དང་དམག་དཔུང་སྟོབས་ཆེའི་དམིགས་ཚད་གཞི་རིམ་དུ་རྩ་བ་འཛུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བ་》(གཞི་རིམ་དཔོན་དམག་གིས་སྤྱོད་རྒྱུ)ཞེས་པ་དེ་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བསམ་བློ་ཆབ་སྲིད་སློབ་གསོའི་གཞི་རྩའི་སློབ་གཞིར་བྱས་ཏེ་ཇི་མ་ཇི་བཞིན་སློབ་སྦྱོང་གིས་འགོ་ཁྲིད་ལས་བྱེད་པས་སློབ་ཚན་འཁྲིད་པ་དང་ཟུར་ཁྲིད་བྱེད་པ་དང་གཞི་རིམ་གྱི་རིགས་པའི་གཞུང་ལུགས་རྐང་འཛིན་པས་སློབ་སྦྱོང་གི་སྣེ་ཁྲིད་དང་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དཔོན་དམག་ཚོས་ངོས་འཛིན་དང་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་དོན་སྙིང་གལ་ཆེན་ཁོང་དུ་ཆུད་རྒྱུར་རོགས་རམ་བྱེད་དགོས། སྲོག་ཤིང་ལ་སྲུང་སྐྱོང་དང་བཀོད་འདོམས་ལ་ཉན་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཡག་པོ་སྤྱད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ལས་འགན་ཨང་དང་པོ་དང་ལྟེ་བའི་ནང་དོན་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཐོག“དམག་དཔུང་སྟོབས་ཆེའི་བསམ་བློ་སློབ་སྦྱོང་དང་། དམག་དཔུང་སྟོབས་ཆེའི་གཏམ་རྒྱུད་བརྗོད་པ། དམག་དཔུང་སྟོབས་ཆེའི་བྱ་གཞག་སྒྲུབ་པ”བཅས་ཀྱི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་སློབ་སྦྱོང་ལག་བསྟར་གྱི་ཚ་རླབས་མུ་མཐུད་འཕྱུར་བ་བྱས་ཏེ་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་དང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་གཏོད་པའི་དྲང་ནུས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།