མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་ཐོག་《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པར་དབུལ་
སྒྲོལ་འགག་སྒྲོལ་གྱི་གསོ་སྦྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་གཞུང་ལས་པ་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པར་དབུལ་སྒྲོལ་འགག་སྒྲོལ་གྱི་གསོ་སྦྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས《དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》དང་། 《“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་གཞི》 《“ལོ་ལྔ་ཚན་བཅུ་གསུམ་པའི”སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པའི་གསོ་སྦྱོང་རྩ་གནད་》བཅས་ལག་བསྟར་དོན་འཁྱོལ་བྱས་ནས་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པར་དབུལ་སྒྲོལ་འགག་སྒྲོལ་གྱི་གསོ་སྦྱོང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
           《བསམ་འཆར་》ནང་། 2017ལོ་ནས་2019ལོ་བར་ས་ཁུལ་དབུལ་པོའི་གཞུང་ལས་པ་ཡོངས་ལ་གསོ་སྦྱོང་ཐེངས་རེ་བྱ་ཐུབ་ཆེད། དབུལ་སྐྱོར་གསར་སྤེལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བའི་གཞུང་ལས་པའི་དཔུང་ཁག་གི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ། སྲིད་ཇུས་ཆུ་ཚད་དང་ཚན་རིག་དང་མཐུན་པའི་དབུལ་སྐྱོར་བྱེད་ནུས་སྔར་བས་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
            《བསམ་འཆར་》ནང་ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་དོན་བཏོན་པའི་ནང་། ས་ཁུལ་དབུལ་པོའི་འཕེལ་རྒྱས་འཆར་འགོད་དང་གནད་སྨིན་སྦྲེལ་མཐུད་བྱས་ནས་གཞུང་ལས་པའི་དབུལ་སྒྲོལ་འགག་སྒྲོལ་གསོ་སྦྱོང་གི་ཆེད་དོན་འཆར་གཞི་བཟོ་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དགོས་མཁོར་དམིགས་ནས་གསོ་སྦྱོང་གི་ནང་དོན་གནད་སྨིན་བཀོད་སྒྲིག་བྱེད་དགོས་པ། གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་གསོ་སྦྱོང་གི་ཕན་འབྲས་མཐོ་རུ་ཏན་ཏིག་གཏོང་དགོས་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞུང་ལས་པའི་གསོ་སྦྱོང་ཞབས་ཞུའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཤུགས་རྒྱག་ས་གནད་འཁེལ་འཚོལ་དགོས་པ། དགེ་རྒན་གསོ་སྦྱོང་དང་སློབ་གཞི་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། གསོ་སྦྱོང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། དཔྱད་ཞིབ་ཚོད་སྐོར་དང་ལྟ་སྐུལ་ཞིབ་བཤེར་སོགས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཚུད་ཡོད། དེ་དང་ཆབས་ཅིག་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། འབྲེལ་གཏུག་མཐུན་སྦྱོར་ལ་སྣང་ཆེན་བྱེད་དགོས་པ་བཅས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད་པ་རེད།