མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཅི་ལིན་སི་ཕིང་གྲོང་ཁྱེར་གྱིས་སྒྲིག་འགལ་ངང་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི“སློབ་འཕར་
གསོལ་སྟོན”དང“ཐུགས་རྗེ་ལེགས་འབུལ་ཞུ་བའི་གསོལ་སྟོན”
གཤོམ་རྒྱུར་གཏན་འགོག་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། 2017ལོའི་མཐོ་རྒྱུགས་བསྡུ་ལེན་འཆར་ཉེར་ཡོད་པ་དང་འབྲིང་རྒྱུགས་གཏོང་ཉེར་ཡོད་པའི་སྐབས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་གཏིང་ཟབ་ཏུ་གཏོང་བ་དང“སྤྱོད་ཚུལ་བཞིའི”ཡོ་བསྲང་བཅོས་སྒྲིག་ལས་དོན་གྱི་གྲུབ་འབྲས་བརྟན་དུ་བཏང་སྟེ་ཏང་སྲོལ་སྲིད་སྲོལ་རྩ་བ་ནས་སྒྱུར་བར་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་སྤྱོད་གཙང་གཞུང་དྲང་ལ་སྐུལ་ཁྲིད་བྱ་ཆེད། སི་ཕིང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་བརྡ་ཐོ་བཏང་ནས་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང“སློབ་འཕར་གསོལ་སྟོན”དང“ཐུགས་རྗེ་ལེགས་འབུལ་ཞུ་བའི་གསོལ་སྟོན”གཤོམ་རྒྱུར་གཏན་འགོག་བྱས་པ་རེད།
          བརྡ་ཐོའི་ནང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་སྲུང་བརྩི་ནན་པོ་ཞུས་ཏེ་རྒྱུ་མཚན་གང་རུང་དང་རྣམ་པ་གང་རུང་གི་ཐོག་ནས“སློབ་འཕར་གསོལ་སྟོན”དང“ཐུགས་རྗེ་ལེགས་འབུལ་ཞུ་བའི་གསོལ་སྟོན”གཤོམ་མི་རུང་བ་དང་། སྒྲིག་འགལ་ངང་ཕྱག་རྟགས་དང་འབུལ་རྟེན་ལེན་མི་ཆོག་པ། “གསོལ་སྟོན་ཁག་ཕྱེ་ནས”གཤོམ་མི་ཆོག་པ། རྣམ་པ་གཞན་ལ་བརྟེན་ནས་བརྔན་པ་ཟ་མི་ཆོག ད་དུང་དགའ་ཉེ་དང་། གྲོགས་པོ། སློབ་མ་སོགས་ཀྱིས“སློབ་འཕར་གསོལ་སྟོན”དང“ཐུགས་རྗེ་ལེགས་འབུལ་ཞུ་བའི་གསོལ་སྟོན”གཉེར་བར་རང་འགུལ་ངང་བསམ་བློའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་ཡང་དག་བྱེད་པའི་ཁར་གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། སྒྲིག་བཀུར་ཁྲིམས་སྲུང་དང་སྤྱོད་གཙང་རང་འདོམས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱོད་གཙང་གཞུང་དྲང་ལ་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         བརྡ་ཐོའི་ནང་ད་དུང་སྒྲིག་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་ཟིལ་གནོན་ཆགས་པ་བྱེད་དགོས་ཤིང་། མངོན་ཞིབ་ལྐོག་འདྲི་དང་། ས་ཆ་དེ་རང་དུ་ཞིབ་བཤེར། འཐེར་འདོན་ལ་བདག་སྤྲོད་སོགས་ཀྱི་བྱེད་ཐབས་ཐོག་ནས་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང“སློབ་འཕར་གསོལ་སྟོན”དང“ཐུགས་རྗེ་ལེགས་འབུལ་ཞུ་བའི་གསོལ་སྟོན”གཉེར་བར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། བཀའ་ལ་མི་ཉན་པ་དང་བཀག་ཀྱང་མི་ཉན་མཁན་གྱི་ཡ་མེད་སྒྲིག་འགལ་པ་དང་གཏམ་སྤྱོད་ཐ་དད་པ་དང་ཕྱི་ནང་གི་སྤྱོད་ཚུལ་གཅིག་པ་མིན་མཁན་ཤེས་རྟོགས་གཅིག་བྱུང་ཚེ་རྩད་ཆོད་དང་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སི་ཕིང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་སྒྲིག་འགལ་ངང“སློབ་འཕར་གསོལ་སྟོན”དང“ཐུགས་རྗེ་ལེགས་འབུལ་ཞུ་བའི་གསོལ་སྟོན”གཉེར་མཁན་ལ་ཆེད་དོན་ཞིབ་བཤེར་བྱ་རྒྱུ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཐག་གཅོད་ནན་པོ་བྱ་རྒྱུ། ལས་འཛོལ་འགན་འཛོལ་མི་སྣར་འགན་འཁྲི་རྩད་ཆོད་དང་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།