མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཚན་གཉིས་ཀྱིས་《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པར་དབུལ་སྒྲོལ་འགག་སྒྲོལ་གྱི་
གསོ་སྦྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་》མཉམ་འབྲེལ་ཐོག་པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་གཞུང་ལས་པ་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པར་དབུལ་སྒྲོལ་འགག་སྒྲོལ་གྱི་གསོ་སྦྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཏེ་《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》དང་། 《“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད》 《“ལོ་ལྔ་ཚན་བཅུ་གསུམ་པའི”སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པའི་གསོ་སྦྱོང་རྩ་གནད་》བཅས་ལག་བསྟར་དོན་འཁྱོལ་བྱས་ནས་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ལས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་གསོ་སྦྱོང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
           《བསམ་འཆར་》ནང་བཏོན་དོན། 2017ལོ་ནས་2019ལོ་བར་ས་ཁུལ་དབུལ་པོའི་གཞུང་ལས་པ་ཚང་མ་གསོ་སྦྱོང་ཐེངས་རེ་བྱས་ནས་གཞུང་ལས་པའི་དཔུང་ཁག་གིས་དབུལ་སྐྱོར་གསར་སྤེལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བའི་རང་འགུལ་དང་རང་རྟོགས་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་སྔར་བས་བརྟན་དུ་བཏང་ནས་སྲིད་ཇུས་ཀྱི་ཆུ་ཚད་དང་ཚན་རིག་དང་མཐུན་པའི་དབུལ་སྐྱོར་ནུས་པ་སྔར་བས་གོང་མཐོར་གཏོང་རྒྱུ་རེད།
          《བསམ་འཆར་》ནང་ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་དོན་བཏོན་པའི་ནང་ས་ཁུལ་དབུལ་པོའི་འཕེལ་རྒྱས་ཀྱི་འཆར་འགོད་གནད་སྨིན་སྦྲེལ་མཐུད་བྱས་ནས་གཞུང་ལས་པའི་དབུལ་སྒྲོལ་འགག་སྒྲོལ་གསོ་སྦྱོང་གི་ཆེད་དམིགས་འཆར་གཞི་བཟོ་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དགོས་མཁོ་གཞིར་བཟུང་གསོ་སྦྱོང་གི་ནང་དོན་བཀོད་སྒྲིག་གནད་སྨིན་བྱེད་པ། གསོ་སྦྱོང་བྱེད་ཐབས་གསར་གཏོད་བྱས་ནས་གསོ་སྦྱོང་གི་ཕན་འབྲས་དངོས་ཏན་ཏིག་ངང་ཆེ་རུ་གཏོང་བ། དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞུང་ལས་པའི་གསོ་སྦྱོང་ལ་ཞབས་ཞུ་སྒྲུབ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཤུགས་རྒྱག་ས་འཚོལ་བ། དགེ་འོས་གསོ་སྦྱོང་དང་སློབ་གཞི་སོགས་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གསོ་སྦྱོང་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་དཔྱད་དཔོག་དང་ལྟ་སྐུལ་ཞིབ་བཤེར་སོགས་ལ་ཤུགས་སྣོན་རྒྱག་པ་བཅས་ཚུད་ཡོད། དུས་མཚུངས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་མཐུན་སྦྱོར་ལ་དོ་སྣང་བྱེད་པ་བཅས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད་པ་རེད།