མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་187.6བཀོད་སྒྲིག་བྱས་ནས་རྩྭ་ཐང་གི་ཁ་གསབ་
བྱ་དགའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་2017ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་187.6བཀོད་སྒྲིག་བྱས་ཏེ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་(རྩྭ་ཐང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཞེས་བསྡུ་རྒྱུ)ལག་བསྟར་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཡོད། མ་དངུལ་དེ་ཕྱུགས་བཀག་ཁ་གསབ་དང་། རྩྭ་ཕྱུགས་དོ་སྙོམས་བྱ་དགའ། ལས་རྗེས་གདེང་འཇོག་བྱ་དགའ་བཅས་ལ་གཙོ་བོ་སྤྱོད་རྒྱུའི་ནང་ལས་རྗེས་གདེང་འཇོག་བྱ་དགའ་ལག་བསྟར་བྱ་རྒྱུར་སྤྱོད་པའི་མ་དངུལ་ཐད་ས་ཁུལ་ཁག་གི་2016ལོའི་ལོ་འཁོར་གྱི་རྩྭ་ཐང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ལས་རྗེས་གདེང་འཇོག་འབྲས་བུ་དེ་གཞི་འཛིན་ས་གཙོ་བོར་བརྩིས་ནས་བཀོད་སྒྲིག་བྱས་པ་དང་འབྲེལ། བོད་ལྗོངས་དང་བོད་རིགས་ས་ཁུལ་གྱི་ཞིང་ཆེན་བཞི་ལ་ཁ་ཕྱོགས་ཏེ་ས་གནས་དེ་གའི་འབྲོག་ལས་འཕེལ་རྒྱས་དང་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་ཀྱང་བཏང་ཡོད།