མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་དུ་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་ཁྲི་4791ཟིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན། མི་སྤྱི་པུའི་ལས་རིགས་ནུས་པ་འཛུགས་སྐྱོང་སིའི་སི་ཀྲང་གཞོན་པ་ཧོ་ལེང་ཕིང་གིས་ཁུན་མིང་དུ་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་ལས་དོན་ལ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་20.5བཏང་བས། ན་ནིང་ལོ་མཇུག་བར་རང་རྒྱལ་དུ་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་ཁྲི་4791ཟིན་གྱི་ཡོད་ཅེས་བཤད།
          “7·15འཛམ་གླིང་གཞོན་ནུའི་རྩལ་ནུས་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་རྩལ་ནུས་ཀྲུང་གོའི་བྱ་སྤྱོད། 2017—ཡུན་ནན་དུ་བསྐྱོད”ཅེས་པའི་བྱེད་སྒོ་ཟླ་7ཚེས་15ཉིན་ཁུན་མིང་དུ་སྤེལ་རྒྱུ་རེད། ཧོ་ལེང་ཕིང་གིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་རིམ་པ་ནས་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་476དང་རྩལ་ནུས་ཆེ་མོ་བའི་ལས་དོན་ཁང་594བསྐྲུན་པ་དང་། རྩལ་ནུས་ཆེ་མོ་བའི་གསོ་སྦྱོང་རྣམ་གྲངས་ལག་ལེན་བསྟར་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་20.5བཏང་སྟེ་ས་ཁུལ་གྱི་སྣེ་ཁྲིད་ནས་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དུས་མཉམ་དུ་སྐུལ་འདེད་བཏང་བས་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ནུས་ཆེ་རུ་ཕྱིན་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
          རང་རྒྱལ་གྱི་ལག་རྩལ་བཟོ་པའི་སློབ་གསོ་དངོས་ཡོད་སྟོབས་ཤུགས་་ཟམ་མི་པར་ཆེ་རུ་འགྲོ་བ་དང་ལས་རིགས་ཐོབ་ཐང་ལམ་ལུགས་རིམ་བཞིན་ཚད་ལྡན་དུ་འགྲོ་བཞིན་ཡོད། 2012ལོ་ཚུན་དུ་རྒྱལ་ཡོངས་ཀྱི་ལག་རྩལ་བཟོ་པའི་སློབ་གླིང་གིས་རིམ་རྩིས་བྱས་ན་སྤྱི་ཚོགས་ཐོག་སློབ་ཐོན་སློབ་མ་ཁྲི་532བཏང་ནས་ལས་ཞུགས་ཐུབ་ཚད་97%ཡན་རྒྱུན་འཁྱོངས་ཐུབ་པ་དང་མི་ཐེངས་ཁྲི་2600ལྷག་ཙམ་ལ་གསོ་སྦྱོང་སྣ་ཚོགས་སྤེལ་བ་རེད། རིམ་རྩིས་བྱས་ན་མི་ཐེངས་ཁྲི་9173ལས་རིགས་རྩལ་ནུས་གསལ་འབྱེད་བྱེད་པའི་ནང་ཞུགས་པ་དང་མི་ཐེངས་ཁྲི་7625ལ་ལས་རིགས་ཐོབ་ཐང་ལག་ཁྱེར་རག་པ་རེད།