མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་མ་ལག་ལེགས་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་མཆན་བཀོད་ནས་《ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་མ་ལག་(2016ལོ)》ལ་རྩ་དོན་ཐོག་མོས་མཐུན་བྱས་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་པར་འགྲེམས་ལག་བསྟར་བྱས་ཡོད། ཚེས་14ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་2016ལོའི་ཞིབ་རྩིས་མ་ལག་ནང་ཞིབ་མཇུག་དང་གསར་སྤེལ་གྱི་གཏོང་སྒོ་ཐག་གཅོད་བྱེད་ཐབས་ལེགས་སྒྲིག་བྱས་ནས་དབང་མཁན་ཚང་མར་བྱུང་བའི་དཔལ་འབྱོར་ཁེ་ཕན་གྱི་ཞིབ་འཇུག་དང་གསར་སྤེལ་གྱི་གཏོང་སྒོ་དེ་བར་རྒྱུད་གཏོང་སྒོར་མི་བརྩི་བར་གཏན་འཇགས་མ་རྩར་བརྩིས་ནས་རྒྱལ་ནང་ཐོན་སྐྱེད་གྱི་བསྡོམས་འབོར་ནང་འགོད་རྒྱུ་ཡིན་པ་ངོ་སྤྲོད་བྱས་བྱུང་།
           འགན་འཁུར་བ་དེས་《ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་མ་ལག་(2002)》ལག་བསྟར་བྱས་ནས་ལོ་བཅུ་ལྷག་ཙམ་འགྲོ་ཡི་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་དེ་བས་ལེགས་པའི་སྒོ་ནས་མངོན་པ་དང་། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་འོག་སྤྱི་ཁོག་དཔལ་འབྱོར་དོ་དམ་དང་སྤྱི་ཚོགས་སྤྱི་དམངས་ཀྱི་དགོས་མཁོ་གསར་པ་སྐོང་བ། རྒྱལ་དམངས་དཔལ་འབྱོར་དང་ཞིབ་རྩིས་ཀྱི་རྒྱལ་སྤྱིའི་ཚད་གཞི་གསར་པ་དང་ཕན་ཚུན་མཐུད་པ། རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་གྱི་ཞིབ་རྩིས་བྱེད་ཐབས་དང་ཞིབ་རྩིས་གྲངས་གཞིའི་རྒྱལ་སྤྱིའི་སྡུར་བའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་། མཐོ་རིམ་སློབ་གླིང་དང་སློབ་གྲྭ དེ་བཞིན་ཚན་ཞིབ་སྒྲིག་གཞི་དང་མཉམ་དུ་2002ལོའི་ཞིབ་རྩིས་མ་ལག་ལ་ཕྱོགས་ཡོངས་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་བཟོ་བཅོས་བརྒྱབ་པ་རེད། 2016ལོའི་ཞིབ་རྩིས་མ་ལག་དེ་གཙོ་བོ་རྩ་བའི་སྒྲོམ་གཞི་དང་། རྩ་བའི་ཐ་སྙད། ཞིབ་རྩིས་ཁྱབ་ཁོངས། རྩ་བའི་རིགས་དབྱེ། རྩ་བའི་ཞིབ་རྩིས་དམིགས་ཚད། རྩ་བའི་ཞིབ་རྩིས་བྱེད་ཐབས་སོགས་ཕྱོགས་ལྔ་ཡི་མ་ལག་ལ་བཟོ་བཅོས་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས།
          འགན་འཁུར་བ་དེས་ད་དུང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་2016ལོའི་ཞིབ་རྩིས་མ་ལག་གི་དུས་ཚོད་རེའུ་མིག་དང་འཆར་གཞི་བཟོས་ནས་ལག་བསྟར་བྱ་རྒྱུ་རེད། གཞན་ཡང་ཞིབ་རྩིས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཞིབ་རྩིས་བྱེད་ཐབས་ལེགས་སུ་བཏང་ནས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་སྒྱུར་བཅོས་ལག་བསྟར་དང་རྒྱལ་ཡོངས་དང་ས་གནས་ཀྱི་རྒྱུ་ནོར་བུན་ཟུག་རེའུ་མིག་བཟོས་ནས་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་བུན་ཟུག་གི་རེའུ་མིག་འཚོལ་ཞིབ་བྱ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་གསར་པའི་རིགས་དབྱེའི་ཚད་གཞི་བཟོ་བ་དང་《ཐོན་ལས་གསར་པ་དང་། ལས་ཀ་གསར་པ། ཚོང་ལས་གསར་པ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་བསྡོམས་རྩིས་ཀྱི་རིགས་དབྱེའི་ཚད་གཞི་(ཚོད་ལྟ་ལག་བསྟར)》བཟོས་པ་དང་ལག་བསྟར་བྱས་ཏེ་2016ལོར་ཞིབ་རྩིས་མ་ལག་ལག་བསྟར་བྱེད་པར་ཆ་རྐྱེན་བསྐྲུན་ཡོད། རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་རིགས་དབྱེ་དང་བསྐྱར་སྒྲིག་གི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་སྒོ་ནས་རིག་གནས་ཐོན་ལས་དང་། འཐབ་ཇུས་གསར་དར་ཐོན་ལས། བདེ་ཐང་ཐོན་ལས་སོགས་ཐོན་སྐྱེད་ལས་རིགས་ཀྱི་རིན་ཐང་འཕར་མའི་ཞིབ་རྩིས་ལས་དོན་སྤེལ་ཡོད་ཅེས་ངོ་སྤྲོད་བྱས།