མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འཕྲོད་བསྟེན་དང་འཆར་བཙའི་ཤིན་སྐྱོར་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་13ཉིན་འཚོགས་པའི་རྒྱལ་ཡོངས་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱི་ཁ་གཏད་ཤིན་སྐྱོར་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱི་རོགས་སྐྱོར་འོག་ཤིན་ཅང་གི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་2012ལོའི་ཁྲི་1.832ནས་2016ལོའི་ཁྲི་1.89བར་མང་དུ་ཕྱིན་པ་དང་། མི་སྟོང་རེར་ནད་ཁྲི་5.89ནས་6.54བར་མང་དུ་ཕྱིན་པ། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་ཁྲི་13.67ནས་ཁྲི་17.10བར་མང་དུ་ཕྱིན་པ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་སོ་སོར་ཁྲི་33.14/10དང་19.42‰ཆག་ཡོད།
       བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། རོགས་སྐྱོར་བྱེད་མཁན་ཕྱོགས་ཁག་གིས་རིམ་རྩིས་བྱས་ན་ཤིན་སྐྱོར་མ་དངུལ་སྒོར་དུང་ཕྱུར་73.54བཏང་ནས་ཤིན་སྐྱོར་རྣམ་གྲངས་2895སྤེལ་བ་དང་། རླངས་འཁོར་དང་སྨན་བཅོས་སྒྲིག་ཆས་སོགས་ཁྲི་1.87རོགས་སྐྱོར་བྱས་པ། སྨན་བཅོས་རུ་ཁག་ཁག་ཐེངས་547གྱི་མི་ཐེངས་ཁྲི་4.68ལྷག་ཙམ་བཏང་བ། མི་ཐེངས་ཁྲི་35ལྷག་ཙམ་ལ་གསོ་སྦྱོང་བྱས་པས་ཤིན་ཅང་གི་འཕྲོད་བསྟེན་དང་འཆར་བཙའི་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།