མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧྲང་ཧའེ་ཡི་འཐུས་མི་ལེང་ཧུའེ་ལི་ཡིས་གྲོང་ཁྱེར་གྱི་འཚོ་བ་སྔར་བས་དྲོ་སྐྱིད་ལྡན་པར་གྱུར་ཡོད་
ཅེས་གསུངས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་20ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ངས་ལོ་20ལྷག་ཙམ་རིང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་སྡེ་ཁུལ་གྱི་ཧྲུའུ་ཅིའི་འགན་འཁུར་བ་ཡིན། ཧྲང་ཧའེ་ཕུའུ་ཐུའོ་ཆུས་ཐའོ་ཕུའུ་གྲོང་རྡལ་དུ་ཡོད་པའི་ལན་ཧྭ་ལས་ཤག་སྡེ་ཁུལ་ནི་དེ་སྔ་གཞི་ཁྱོན་ཧ་ཅང་ཆེ་བའི་གནས་སྤོས་བཀོད་སྒྲིག་བྱེད་པའི་སྡེ་ཁུལ་རྙིང་པ་ཞིག་ཡིན་པ་དང་དེ་གར་སྡོད་མཁན་མི་8000ལྷག་ཙམ་ཡོད་པ་ལས་ལོ་65ཡན་གྱི་རྒན་རྒོན་2203ཡོད། ཁྱིམ་ཚང་ཇི་འདྲ་ཞིག་ཡིན་རུང་རྙོག་དོན་མེད་པ་མེད། ཁོང་ཚོའི་དཀའ་ངལ་སེལ་རོགས་བྱེད་ཐུབ་མིན་དེ་མི་སེར་ཚོའི་སེམས་ལ་གསལ་པོ་ཤེས་ཀྱི་ཡོད།
         ང་ཚོའི་སྡེ་ཁུལ་དུ་རྒན་རྒོན་མང་པོ་ཡོད་པས་ལོ་དེ་དག་རིང་སྨན་བཅོས་འཕྲོད་བསྟེན་ས་ཚིགས་བཙུགས་ཏེ་ཁབ་རྒྱག་ཤེས་པ་དང་སྨན་སྦྱོར་རྟ་བྱེད་ཤེས་ཀྱི་ཡོད། མཁོ་ཆོད་སྨན་པས་སྔ་དྲོ་སྒོ་བསྟེན་སྨན་བཅོས་བྱེད་པ་དང་ཕྱི་དྲོ་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ཚོར་ཁྱིམ་ཚང་སྨན་པ་སྒོ་རྩར་སྨན་བཅོས་བྱེད་པར་སྐྱོད་ཀྱི་ཡོད། ད་དུང་ཟླ་རེའི་ཚེས་20ཉིན་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་སྨན་བཅོས་བྱེད་པར་ཡོང་གི་ཡོད། རྒན་རྒོན་ཚོའི་སྐད་ཆ་ནས་བཤད་ན། ལོ་དེ་དག་རིང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བྱེད་སྟངས་སྔར་བས་འཐུས་ཚང་དུ་ཕྱིན་ནས་སྡེ་ཁུལ་དེ་བས་དྲོ་སྐྱིད་དོད་དུ་ཕྱིན་ཡོད།
         སྡེ་ཁུལ་དུ་ལས་ཀ་བྱས་ཚེ། གཙོ་ཆེ་ཤོས་སེམས་ནུས་བཏོན་ནས་ལས་ཀ་བྱེད་དགོས། གནད་དོན་འཕྲད་སྐབས་ཆ་རྐྱེན་གཏོད་པ་དང་བསམ་ཕྱོགས་གསར་པར་བརྟེན་ནས་ཐག་གཅོད་བྱེད་དགོས། ངས་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“མི་དམངས་ལྟེ་བར་བྱེད་པ”དང“ཕར་ཆིན་རྒྱག་པ་བཞིན་ཞིབ་ཚགས་པོ་དགོས་པ”ལས་ཤེས་བྱུང་། སྐབས་དེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཧྲང་ཧའེ་རུ་ཕྱག་ལས་གནང་སྐབས་དམངས་འཚོའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་སྡེ་ཁུལ་གྱི་ཧྲུའུ་ཅིའི་ངོས་ནས་ངས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ཚང་མ་དང་མཉམ་དུ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་སྤྱི་ཚོགས་སྔར་བས་མཛེས་སྡུག་ལྡན་པ་དང་གྲོང་ཁྱེར་སྔར་བས་དྲོ་སྐྱིད་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་ཡིན།