མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་བོད་
རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་20ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

           མི་དམངས་དྲ་བའི་འཕྲིན། སྟོན་ཆར་བབས་པས་གཡུར་ཟའི་འབྲས་བུ་སྨིན། སྟོན་རླུང་ལྡང་བས་ཡིད་ཆེས་ལྡབ་བརྒྱ་འཕེལ། ཟླ་10ཚེས་18ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། མེས་རྒྱལ་གྱི་ནུབ་རྒྱུད་མཐའ་མཚམས་ནས་ཤར་རྒྱ་མཚོའི་འགྲམ་བར་དང་། ཐག་རིང་ལུང་ཁུག་ནས་གྲོང་ཁྱེར་གྱི་ཁྲོམ་གཞུང་བར། བཟོ་གྲྭ་དང་སློབ་གྲྭ་ནས་དམག་སྒར་དང་སོ་ལྟ་ཁང་བར། ཉིན་དེར་ཀྲུང་གོའི་ས་གཞི་ཆེ་མོར་ཡིད་སྨོན་དང་རེ་སྒུག་ཆེན་པོ་བྱེད་པ་དང་དུས་དེར་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དོ་ཁུར་དང་ཡིད་སྨོན་བྱེད་ཀྱི་ཡོད།
         བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཀྱང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་རྣམ་པ་གཟབ་རྒྱས་ལ་ལྟ་ཉན་བྱས་ཏེ་ཚང་མས་ལོ་ལྔའི་རིང་གི་གྲུབ་འབྲས་ཀྱིས་མི་རྣམས་སྤོབས་པ་སྐྱེ་འོས་པ་དང་རླབས་ཆེའི་དམིགས་ཚད་ཀྱིས་མི་རྣམས་སྤྲོ་སེམས་དང་དཔའ་ངར་ཆེར་བསྐྱེད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་དེ་དུས་རབས་གསར་པའི་བླང་བྱ་དང་། ལག་ལེན་གྱི་བླང་བྱ། མི་དམངས་ཀྱི་རེ་འདུན་བཅས་དང་འཚམ་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཇུས་གཞི་ཆེ་མོ་ཁ་གསལ་བཏོན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་འཆང་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་དོན་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་གྱི་ངོ་བོ་དང་ནང་དོན་ཕུན་སུམ་ཚོགས་པོ་སློབ་སྦྱོང་དང་ཁོང་དུ་ཡག་པོ་ཆུད་པ་དང་ལག་བསྟར་དོན་འཁྱོལ་ནན་པོ་དང་། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ལས་འགན་སེམས་ལ་བརྟན་པོར་ངེས་ནས་ནམ་ཡང་ལྷོད་གཡེང་གཏན་ནས་མི་བྱེད་པའི་རྣམ་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་རྩོམ་པར་འབུལ་དགོས་ངེས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

【1】  【2】  【3】

འཐུས་མི་ཚོས་སློབ་སྦྱོང་ནན་ཏན་དང་། གྲོས་བསྡུར་དང་གཏམ་བཤད་སྤེལ་བར་གསན་པ།
འཐུས་མི་ཚོས་སློབ་སྦྱོང་ནན་ཏན་དང་། གྲོས་བསྡུར་དང་གཏམ་བཤད་སྤེལ་བར་གསན་པ།
འཐུས་མི་ཐན་ཧའེ་ཡུས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ།
འཐུས་མི་ཐན་ཧའེ་ཡུས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ།