མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས"ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་
སྐྱོང་བར་སྐུལ་སྤེལ་གཏོང་བ"ཞེས་པའི་མཉམ་སྡེབ་བཅར་འདྲི་སྒྲིག་འཛུགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་20ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས'ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་
སྐྱོང་བར་སྐུལ་སྤེལ་གཏོང་བ'ཞེས་པའི་མཉམ་སྡེབ་བཅར་འདྲི་སྒྲིག་འཛུགས་བྱས་པ།

           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་གྱི་ཆུ་ཚོད་15:00ཐོག ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་མེ་ཏི་ཡ་ལྟེ་གནས་ཀྱི་ཐོག་བརྩེགས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཁང་དུ་མཉམ་སྡེབ་བཅར་འདྲི་ཐེངས་དང་པོ་སྒྲིག་འཛུགས་བྱས་ཤིང་། ཅང་སུའུ་ཞིང་ཆེན་ཨུ་ལྷན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲུའུ་ཀོང་ཡོན་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་(གཅིག་ལྕོགས་)དང་།  པེ་ཅིང་ཤེས་བྱའི་ཐོན་དབང་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཁྲིམས་ཁང་གི་འགོ་འཛིན་གཞོན་པ། ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཅིག་ལྕོགས་བཅས་ཡིན་པའི་སུང་ཡུས་ཧྲུའེ། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་གསར་སྤེལ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་གཞུང་གཏུག་ཁྲུའུ་གཉིས་པའི་མིང་འདོགས་ཞིབ་དཔྱོད་དཔོན་ཧྲི་ཅིང་ལན། སྤྱི་བདེ་པུའུ་ཡི་རྫས་དཔང་དཔྱད་འབེབས་ལྟེ་གནས་ཀྱི་ཁྲིམས་དཔྱད་ན་ལུགས་རྨས་སྐྱོན་ལག་རྩལ་ཁྲུའུ་ཡི་འགོ་འཛིན་གཞོན་པ་(ཁྲུའུ་རིམ་པ་རྒན་པ)དང་།  ཁྲིམས་དཔྱད་སྨན་པ་འབུམ་རམས་པ། ཉེན་ཞིབ་རིམ་པ་གསུམ་པ་བཅས་ཡིན་པའི་ཐེན་ཞུའེ་མེ། ཅང་སུའུ་ཞིང་ཆེན་ཞུའེ་ཅི་རྨིན་ཁྲིམས་རྩོད་པ་ལས་དོན་ཁང་གི་ཀྲུའུ་རེན་དང་། ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་ཞུའེ་ཅི་རྨིན་བཅས་གདན་འདྲེན་ཞུས་ཏེ་བཅར་འདྲི་དང་ལེན་བྱས་པ་རེད།

༄༅།།ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས'ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་
སྐྱོང་བར་སྐུལ་སྤེལ་གཏོང་བ'ཞེས་པའི་མཉམ་སྡེབ་བཅར་འདྲི་སྒྲིག་འཛུགས་བྱས་པ།