མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《2017ལོའི་ཞིབ་འཇུག་སྔོན་འགྲོའི་སྙན་ཞུ་》ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ཀྲུང་གོ་ཚན་རིག་ཁང་ཚན་རྩལ་འཐབ་ཇུས་བློ་འདྲི་ཞིབ་འཇུག་ཁང་དང་ཀྲུང་གོ་ཚན་རིག་ཁང་ཚད་ལྡན་ཡིག་ཆ་གསང་འཕྲིན་ལྟེ་གནས་ཀྱིས་ཁོའོ་རུའེ་ཝེ་ཨན་ཀུང་སི་དང་མཉམ་འབྲེལ་ཐོག་གོ་ལ་ཧྲིལ་པོར་《2017ལོའི་ཞིབ་འཇུག་མདུན་སའི་》སྙན་ཞུ་དང་《2017ལོའི་ཞིབ་འཇུག་མདུན་སའི་གླེང་ཆེའི་སྟོན་གྲངས་》ཀྱི་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། སྙན་ཞུའི་དབྱེ་ཞིབ་ལས་མངོན་དོན། ཀྲུང་གོའི་ཞིབ་འཇུག་མདུན་སའི་ཁྱབ་ཁོངས་25ཡི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད། དེའི་ནང་རྫས་འགྱུར་དང་རྒྱུ་ཆའི་ཚན་རིག་ཁྱབ་ཁོངས་དང་། རྩིས་འཁོར་ཚན་རིག ལས་གྲྭ་རིག་པ་བཅས་ཁྱབ་ཁོངས་ཀྱི་བང་རིམ་ཨང་དང་པོར་སླེབས་ནས་གྲུབ་འབྲས་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་རེད།
         སྙན་ཞུའི་ནང་ཉེ་བའི་ལོ་ལྔའི་རིང་ཚད་ལྡན་ཡིག་ཆའི་གཅིག་འདུས་རྣམ་པའི་དབྱེ་ཞིབ་ལས་གྲུབ་པའི་ཞིབ་འཇུག་མདུན་སའི་ཁྱབ་ཁོངས་9690ནས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་རིག་གཞུང་ཆེན་པོ་10ཡི་ཁྱབ་ཁོངས་ཀྱི་བང་རིམ་མདུན་གྲལ་དུ་ཡོད་པའི་གླེང་ཆེའི་མདུན་སའི་ཁྱབ་ཁོངས་100གདམ་གསེས་བྱས་པ་དང་འབྲེལ། ཉེ་བའི་ལོ་གཉིས་རིང་འཕེལ་རྒྱས་མྱུར་པོ་བྱུང་བའི་གསར་དར་མདུན་སའི་ཁྱབ་ཁོངས་43གདམ་གསེས་བྱས་ཏེ། གོང་གསལ་གྱི་གླེང་ཆེའི་མདུན་ས་དང་གསར་དར་མདུན་སའི་ཁྱབ་ཁོངས་143ལ་དབྱེ་ཞིབ་ཞིབ་ཚགས་བྱས་པས། རྒྱལ་སྤྱིའི་རྨང་གཞིའི་ཚན་རིག་གི་ཚབ་བྱེད་སྲིད་པའི་མདུན་སའི་ཚད་བརྒལ་གལ་ཆེན་དང་དེ་བཞིན་དེང་སྐབས་ཀྱི་གནད་དོན་གལ་ཆེན་འགའ་ཐག་གཅོད་དང་དེའི་འཕེལ་རྒྱས་ཐབས་ལམ་གྱི་ཞིབ་འཇུག་མདུན་སའི་ཚོགས་པ་འགའ་གྲུབ་ཡོད། དེའི་ནང་གྲུབ་འབྲས་མངོན་གསལ་དོད་པའི་ཀྲུང་གོའི་ཞིབ་འཇུག་མདུན་སའི་ཁྱབ་ཁོངས་25ཡིས་18%ཙམ་བཟུང་གི་ཡོད་པ་རེད།
         ཐོག་མར་བཏོན་པའི་《2017ལོའི་ཞིབ་འཇུགམདུན་སའི་གླེང་ཆེའི་སྟོན་གྲངས་》ཀྱི་སྙན་ཞུས་ཞིབ་འཇུག་མདུན་སའི་གླེང་ཆེའི་སྟོན་གྲངས་སྤྱད་དེ། འཛམ་གླིང་གི་རྒྱལ་ཁབ་གཙོ་བོའི་ཁྱབ་ཁོངས་བཅུའི་གླེང་ཆེའི་མདུན་ས་ཁྱབ་ཁོངས་100དང་གསར་དར་མདུན་སའི་ཞིབ་འཇུག་ཁྱབ་ཁོངས་43གྱི་གྲུབ་འབྲས་ལ་ཚོད་སྐོར་བྱས་ཡོད། ཨ་རི་དང་། ཀྲུང་གོ དབྱིན་ཇི་བཅས་ནི་མདུན་སའི་ཁྱབ་ཁོངས་དེ་དག་ཁྲོད་དུ་ཞིབ་འཇུག་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་རེད།