མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་དམིགས་བསལ་
ཁྲིམས་མིའི"ཐོབ་ཐང་ལག་ཁྱེར"ཐོག་མ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། དམངས་སྲིད་པུའུ་ཡིས་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཏུང་ཧྭ་མོན་ཁྲོམ་གཞུང་ཧྲའོ་ཅིའུ་སྡེ་ཁུལ་དུ་རྒྱལ་ཡོངས་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་དམིགས་བསལ་ཁྲིམས་མིའི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ལག་ཁྱེར་སྤྲོད་པའི་མཛད་སྒོ་གཉེར་བ་དེ་ཐོག་ནས་རང་རྒྱལ་གྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ལ་དངོས་སུ་དམིགས་བསལ་ཁྲིམས་མིའི“ཐོབ་ཐང་ལག་ཁྱེར”རག་པ་མཚོན་གྱི་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བརྒྱུད་སྤྲོད་བྱས་པའི་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱི་ཁྲིམས་མི་དང་རྩ་འཛུགས་གཞན་གྱི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་སྤྲོད་པའི་ལམ་ལུགས་འཛུགས་སྐྱོང་གི་སྤྱིའི་ཇུས་གཞི་གཞིར་བཟུང་། ཉེ་ཆར་དམངས་སྲིད་པུའུ་ཡིས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་ཚོ(གྲོང་ལྷན)ཨུ་ཡོན་ལྷན་ཁང་གི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་དམིགས་བསལ་ཁྲིམས་མིའི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་སྤྲོད་པའི་ལས་དོན་བཀོད་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་ཚོ་ཨུ་ལྷན་ཁྲི་10ལྷག་དང་གྲོང་མི་ཨུ་ཡོན་ལྷན་ཁང་ཁྲི་55ལ་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་སྤྲོད་རྒྱུ་ཡིན་ཞིང་། དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ཁྲིམས་ལུགས་ཅན་དང་། རིག་ནུས་ལྡན་པ། ཆེད་ལས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་ཡིན་པས། གྲོང་ཚོ(གྲོང་ལྷན)ཨུ་ལྷན་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་དང་གཞི་རིམ་གྱི་གསོན་ཤུགས་འཕེལ་བར་བྱས་ནས་སྡེ་ཁུལ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཕན་ཐོགས་ཡོད་པ་རེད།