མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་བོད་རང་སྐྱོང་ལྗོངས་སུ་
འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་བོད་རང་སྐྱོང་ལྗོངས་སུ་འགྲེམས་སྤེལ་བྱས་པ་རེད། དཔར་དུབསྐྲུན་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་དང་ཟུར་ཁྲིད་སློབ་གཞིའི་ཀློག་དེབ་ཁག་དང་པོ་བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་ནས་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བ་རེད། 
     ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གླས་ནས་པར་སྐྲུན་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་གིས་གཅིག་གྱུར་ཐོག་འགྲེམས་སྤེལ་བྱས་ཤིང་། 《ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་》དང་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》 《ཀྲུང་གོའི་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡིག་ཆ་ཕྱོགས་བསྒྲིགས།》 《ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཟུར་ཁྲིད་ཀློག་དེབ་》བཅས་འདུས་ཡོད་པ་རེད། ཁག་དང་པོར་《ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་》དེབ་ཁྲི་4.5 དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་》དེབ་ཁྲི་2འགྲེམས་སྤེལ་བྱས་ཡོད་པ་དང་། འབྲེལ་ཡོད་ཡིག་ཆ་དང་ཟུར་ཁྲིད་སློབ་གཞིའི་ཀློག་དེབ་མུ་མཐུད་ནས་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།