མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ་ལུའུ་ཝེ་ལ་སྒྲིག་ཁྲིམས་
ལས་འགལ་བའི་དོགས་གཞི་ཚབས་ཆེན་ཡོད་པས་རྩ་འཛུགས་ཀྱི་ཞིབ་བཤེར་དང་
ལེན་བྱེད་ཀྱི་ཡོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་22ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན།  ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ་ལུའུ་ཝེ་ལ་སྒྲིག་ཁྲིམས་ལས་འགལ་བའི་དོགས་གཞི་ཚབས་ཆེན་ཡོད་པས། མིག་སྔར། རྩ་འཛུགས་ཀྱིས་ཞིབ་བཤེར་དང་ལེན་བྱེད་ཀྱི་ཡོད་པ་རེད། 
         ལུའུ་ཝེ་ཡི་ལོ་རྒྱུས་མདོར་བསྡུས།        
         ལུའུ་ཝེ་ནི་སྐྱེས་པ་དང་། རྒྱ་རིགས་ཡིན་ཞིང་། 1960ལོའི་ཟླ་བ་1པོར་སྐྱེས། ཨན་ཧུའེ་ཞིང་ཆེན་ཁྲའོ་ཧུའུ་ནས་ཡིན་པ་དང་། ཀྲུང་གུང་ཏང་ཡོན་རེད། 1978ལོའི་ཟླ་10པར་ལས་ཀར་ཞུགས་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། རབ་འབྱམས་པའི་སློབ་གནས་ཡོད་པ་དང་། མཐོ་རིམ་གསར་འགོད་པ་རེད། 2000ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱད་པ་དང་། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་རེད།
         1978ལོའི་ཟླ་7པ་ནས་1978ལོའི་ཟླ་10པའི་བར་ཨན་ཧུའེ་ཞིང་ཆེན་ཁྲའོ་རྫོང་མིའོ་སྒང་ཤང་གི་ལུའུ་ཅི་རུ་ཆེན་ཕ་ཡུལ་དུ་ལོག་པའི་གཞོན་ནུ་ཤེས་ཡོན་ཅན་བྱས་པ་དང་།
         1978ལོའི་ཟླ་10པ་ནས1984ལོའི་ཟླ་9པའི་བར་ཨན་ཧུའུ་ཞིང་ཆེན་ཁྲའོ་རྫོང་གི་སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་བྱས་པ་དང་། ཀུའེ་ལིན་རླུང་སྒུལ་ཡོ་བྱད་བཟོ་གྲྭའི་འཕྲུལ་ཆས་བཟོ་པ་དང་། དྲིལ་བསྒྲགས་གཙོ་འགན་འཁུར་མཁན(1982ལོའི་ཟླ་9པ་ནས་1985ལོའི་ཟླ་8པའི་བར་ཀོང་ཞི་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱི་སྐད་ཡིག་ཆེད་སྦྱོང་ཚན་ཁག་ཏུ་སློབ་སྦྱོང་བྱས་པ)བྱས་པ།
         1984ལོའི་ཟླ་9པ་ནས་1991ལོའི་ཟླ་4པའི་བར་ཀུའེ་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་སའི་དྲུང་ཡིག་དང་ལས་བྱ་དང་། ཀོང་ཞི་ཁྲིམས་ལུགས་ཚགས་པར་ཁང་གི་གསར་འགོད་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་རོགས་ཀྱི་འགན་ཁུར་བ།
         1991ལོའི་ཟླ་4པ་ནས་1994ལོའི་ཟླ་6པའི་བར་ཤིན་ཧྭ་གསར་འགྱུར་ཁང་ཀུའེ་ལིན་གསར་འགོད་པའི་ས་ཚིགས་ཀྱི་འགོ་འཛིན་དང་། ཀུའེ་ལིན་ཡན་ལག་གསར་འགྱུར་ཁང་གི་འགོ་འཛིན་གྱི་འགན་ཁུར་བ།
          1994ལོའི་ཟླ་6པ་ནས་1997ལོའི་ཟླ་11པའི་བར་ཤིན་ཧྭ་གསར་འགྱུར་ཁང་གི་ཀོང་ཞི་ཡན་ལག་གསར་འགྱུར་ཁང་གི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་ཁུར་བ།
          1997ལོའི་ཟླ་11པ་ནས་2001ལོའི་ཟླ་10པའི་བར་ཤིན་ཧྭ་གསར་འགྱུར་ཁང་གི་ཀོང་ཞི་ཡན་ལག་གསར་འགྱུར་ཁང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅི(1997ལོའི་ཟླ་9པ་ནས་2001ལོའི་ཟླ་6པའི་བར་ཀོང་ཞི་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས)ཡི་འགན་ཁུར་བ།
         2001ལོའི་ཟླ་10པ་ནས་2001ལོའི་ཟླ་11པའི་བར་ཤིན་ཧྭ་གསར་འགྱུར་ཁང་གི་དྲུང་ཡིག་ཆེ་མོ་གཞོན་པ་དང་སྤྱི་གཉེར་ཁང་གི་སྤྱི་གཉེར་གྱི་འགན་གཅིག་ལྕོགས་ཁུར་བ།
         2001ལོའི་ཟླ་11པ་ནས་2004ལོའི་ཟླ་5པའི་བར་ཤིན་ཧྭ་གསར་འགྱུར་ཁང་ཏང་ཙུའུ་ཡི་ཁོངས་མི་དང་། དྲུང་ཡིག་ཆེ་མོ་གཞོན་པ། དྲུང་ཡིག་ཆེ་མོ་བཅས་དང་སྤྱི་གཉེར་ཁང་གི་སྤྱི་གཉེར་དང་། ཀྲུང་གོའི་དཔལ་འབྱོར་ཆ་འཕྲིན་ཁང་གི་འགོ་འཛིན། གསར་འགྱུར་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་ཁུར་བ།
         2004ལོའི་ཟླ་5པ་ནས་2011ལོའི་ཟླ་3པའི་བར་ཤིན་ཧྭ་གསར་འགྱུར་ཁང་གི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་དང་། སྔ་གཞུག་ཏུ་དྲུང་ཡིག་ཆེ་མོ་དང་དཔལ་འབྱོར་ཆ་འཕྲིན་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཅིག་ལྕོགས། ཀྲུང་གོའི་དཔལ་འབྱོར་ཆ་འཕྲིན་ཁང་གི་མ་རྐང་ཚོད་འཛིན་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་དང་སྤྱི་གཉེར་གཅིག་ལྕོགས། དངུལ་རྩ་ཆ་འཕྲིན་དངུལ་འཛིན་ཉོ་ཚོང་ཁང་གི་ལས་འཛིན་འགོ་གཙོ། ཀྲུང་གོའི་དངུལ་རྩ་ཆ་འཕྲིན་ཐོག་ཁང་ཆེན་པོ་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན། དངུལ་རྩ་ཆ་འཕྲིན་དངུལ་འཛིན་ཉོ་ཚོང་ཁང་གི་ལས་འཛིན་འགོ་གཙོ། རྒྱལ་ཁབ་དངུལ་རྩ་ཆ་འཕྲིན་ལྟེ་གནས་འགན་འཁྲི་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན དང་སྤྱི་གཉེར་གཅིག་ལྕོགས(2006ལོའི་ཟླ་9པ་ནས་2009ལོའི་ཟླ་1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས་པ། 2006ལོའི་ཟླ་9པ་ནས་2006ལོའི་ཟླ་11པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭ་ཞིང་ཆེན་ནམ་པུའུ་རིམ་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས་པ། 2008ལོའི་ཟླ་11པ་ནས་2011ལོའི་ཟླ་7པའི་བར་ཀྲུང་གོའི་མི་དམངས་སློབ་ཆེན་དུ་རབ་འབྱམས་སློབ་གནས་ལེན་པར་སློབ་སྦྱོང་བྱས་པ)བཅས་ཀྱི་འགན་ཁུར་བ།
        2011ལོའི་ཟླ་3པ་ནས་2013ལོའི་ཟླ་4པའི་བར་ཀྲུང་གུང་པེ་ཅིང་གྲོང་ཁྱེར་ཨུད་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། པེ་ཅིང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་བཅས་ཀྱི་འགན་ཁུར་བ།
         2013ལོའི་ཟླ་4པ་ནས་2014ལོའི་ཟླ་5པའི་བར་རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་ཁུར་བ།
         2014ལོའི་ཟླ་5པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཀྲུང་དབྱང་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་ཁུར་བ།
         2016ལོའི་ཟླ་6པར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་བ་རེད།