མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གི་སྡེ་ཚན་40ཡིས་མཉམ་ལས་བྱས་ནས་དགེ་སྒྲུབ་ཞལ་འདེབས་ཀྱི་ཡིད་རྟོན་མ་
ལག་འཐུས་སྒོ་ཚང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། མི་དམངས་དངུལ་ཁང་། དམངས་སྲིད་པུའུ་སོགས་ཀྲུང་དབྱང་གི་ལས་ཁུངས་དང་སྡེ་ཚན་40ཡིས་མཉམ་འབྲེལ་ཐོག་《དགེ་སྒྲུབ་ཞལ་འདེབས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བྱེད་པོར་ཁ་དན་ཚིག་ལ་གནས་པར་མཉམ་དུ་སྐུལ་ལྕག་བྱེད་པ་དང་ཁ་དན་ཚིག་ལ་མ་གནས་པར་མཉམ་དུ་ཆད་པ་གཅོད་རྒྱུའི་སྐོར་གྱི་མཉམ་ལས་དྲན་ཐོར་》མིང་རྟགས་བཀོད་ནས་དགེ་སྒྲུབ་ཞལ་འདེབས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡིད་རྟོན་དོ་དམ་མ་ལག་ནང་དངོས་སུ་བཅུག་པ་རེད།
         ཚེས་2ཉིན་དམངས་སྲིད་པུའུ་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ཀྱིས་པེ་ཅིང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་དགེ་སྒྲུབ་དང་ཡིད་རྟོན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་། དྲ་སྦྲེལ་ཞལ་འདེབས་བསྡུ་བའི་ཆ་འཕྲིན་ལས་སྟེགས་དང་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི་གདན་དྲངས་ནས་དྲན་ཐོ་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་ཇི་ལྟར་བྱེད་པར་ཞིབ་འཇུག་དང་། སྤྱི་ཚོགས་སུ་དགེ་སྒྲུབ་ཡིད་རྟོན་ལ་དོ་ཁུར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་དགེ་སྒྲུབ་བྱ་སྤྱོད་ལ་སྐུལ་ལྕག་དང་ཚད་ལྡན་དུ་བཏང་བ་རེད།
        ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་འཐུས་མི་ཚོས་དྲན་ཐོར་མིང་རྟགས་བཀོད་པ་དང་ལག་བསྟར་བྱས་པ་དེས་རང་རྒྱལ་གྱི་སྤྱི་ཚོགས་ཡིད་རྟོན་ལམ་ལུགས་འཛུགས་སྐྱོང་གི་ནང་དོན་སྔར་བས་ཕུན་སུམ་ཚོགས་ཏུ་ཕྱིན་ནས་དགེ་སྒྲུབ་བྱ་གཞག་གི་ཚད་ལྡན་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པའི་ངོས་འཛིན་བྱས་པ་རེད།
        ཁོང་ཚོས་གོམ་སྟབས་རྗེས་མར་མིང་རྟགས་འགོད་མཁན་ཚན་པ་དང་། པུའུ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་རིམ་ཁག་སྡེ་ཚན་དབར་མཐུན་སྦྱོར་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་ཁ་གཏད་ཀྱི་མིང་ཐོ་དོ་དམ་དང་བྱ་དགའ་ཆད་གཅོད་ཀྱི་བྱ་ཐབས་ལག་བསྟར། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་ཞིབ་ཕྲའི་གནད་དོན་ལ་ཞིབ་འཇུག་བྱས་ཏེ་ལག་ལེན་ཁྲོད་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ནས་དྲན་ཐོ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད།