མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། གནམ་སྔོན་སྲུང་འཐབ་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གྱིས་མཁའ་རླུང་གི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་རྒྱུ་བཀོད་སྒྲིག་གནང་བ། ནང་འདྲེན་གྱི་བྱ་ཐབས་སྔར་བས་རྒྱ་ཆེར་བཏང་ནས་གྲུབ་ཆ་ལེགས་སྒྲིག་དང་། དམངས་འཚོར་ཕན་འདོགས། ཕྱི་ཕྱོགས་ཉོ་ཚོང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་གནང་བ།
           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་གནམ་སྔོན་སྲུང་འཐབ་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གྱིས་མཁའ་རླུང་གི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་རྒྱུ་བཀོད་སྒྲིག་གནང་བ་དང་། ནང་འདྲེན་གྱི་བྱ་ཐབས་སྔར་བས་རྒྱ་ཆེར་བཏང་ནས་གྲུབ་ཆ་ལེགས་སྒྲིག་དང་དམངས་འཚོར་ཕན་འདོགས་པ་དང་ཕྱི་ཕྱོགས་ཉོ་ཚོང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་གནང་བ་རེད།
          ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། མང་ཚོགས་ཀྱི་རེ་སྒུག་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་བླང་བྱ་དང་འཚམ་པར་བྱས་ནས“རླུང་ཁམས་ཆེ་མོའི་དོན་ཚན་བཅུའི”དམིགས་ཚད་དུས་བཀག་བཞིན་མངོན་འགྱུར་དང་། མཁའ་རླུང་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་འགྲོ་བའི་རྨང་གཞིའི་ཐོག་པེ་ཅིང་དང་ཐེན་ཅིན། ཧོ་ཕེ་དང་ཉེ་འཁོར་ས་ཁུལ་དང་འབྲི་ཆུའི་ཟུར་གསུམ་ཁུལ་སོགས་གཙོ་གནད་ཁྱབ་ཁོངས་འཐབ་ས་གཙོ་བོར་བརྩིས་ཏེ་ལོ་3འབད་བརྩོན་བྱས་པ་བརྒྱུད་ཕྲ་རྡུལ་གར་ཚད་དམའ་རུ་མངོན་གསལ་དོད་པོ་གཏོང་བ་དང་སྦྲགས་སྦགས་བཙོག་ཚབས་ཆེན་གྱི་ཉིན་གྲངས་ཉུང་དུ་མངོན་གསལ་དོད་པོ་འགྲོ་བ་བྱེད་དགོས། གཅིག་ནས་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་། གཙོ་གནད་འགོག་བཅོས་བྱེད་དགོས། གཙོ་གནད་ས་ཁོངས་སུ་ངར་ལྕགས་དང་། རྡོ་སོལ་སྲེག་སྒྱུར། གློག་འབྱེད་ཧ་ཡང་སོགས་ཀྱི་ཐོན་ནུས་གསར་འཕར་ཡོང་རྒྱུ་བཀག་འགོག་བྱས་ཏེ་ཐོན་ནུས་ལྷག་འཕྲོ་མེད་པར་བཟོ་བའི་ཚད་གཞི་མཐོ་རུ་གཏོང་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་རྡོ་སོལ་སྔོག་ཁུལ་ཁ་ཐོར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱ་ཤུགས་ཆེ་རུ་ཤུགས་ཆེན་གཏོང་དགོས། ལོ་20ཡན་སྤྱད་པའི་ནང་ཁུལ་ཆུ་བོའི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་མེད་པ་བཟོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ཚད་གཞི་དྲུག་དང་མཐུན་པའི་འཁོར་སྤྱོད་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་ཕྱོགས་ཡོངས་ནས་མཁོ་འདོན་བྱེད་དགོས། ནུས་རྒྱུ་གྲོན་ཆུང་དང་ཕན་འབྲས་ཆེ་བའི་ལག་རྩལ་དང་ཐོན་རྫས་གསར་སྤེལ་དང་ཁྱབ་གདལ་བཏང་ནས་ནུས་རྒྱུ་གྲོན་ཆུང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས་པ་དང་། གཉིས་ནས་ཚན་རིག་ལུགས་མཐུན་དང་གོམ་པ་རིམ་སྤོས་ཀྱིས་སྦགས་བཙོག་བཅོས་སྒྲིག་ནུས་ལྡན་བྱེད་དགོས། གཙོ་གནད་ས་ཁོངས་སུ་རྡོ་སོལ་བེད་སྤྱོད་བྱེད་འབོར་མུ་མཐུད་ཚོད་འཛིན་བྱས་ནས་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ཚད་མི་ལོན་པའི་སོལ་སྲེག་འཕྲུལ་ཆས་དང་སོལ་སྲེག་ཁྲོ་ཐབ་ཆུང་བ་མེད་པར་བཟོ་དགོས། སྦགས་བཙོག་ཡོང་ཁུངས་ཀྱི་ཁེ་ལས་ཡོངས་ལ་ཁྱབ་པའི་ཕྱིར་འབུད་ཆོག་འཐུས་ལམ་ལུགས་བཟོས་ནས་ཕྱིར་འབུད་ཀྱི་ཚད་མི་ལོན་པའི་རིགས་ཁྲིམས་བཞིན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། རྡུལ་ཕྲན་དང་ཐང་སྟོང་གཏེར་ཁུལ་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་སོག་མ་མེར་སྲེག་གི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། དོན་དངོས་ནས་འགོ་རྩོམ་རྒྱུ་མཐའ་འཁྱོངས་ཀྱིས་གློག་འཚམ་སར་གློག་དང་། སོལ་རླངས་འཚམ་སར་སོལ་རླངས། རྡོ་སོལ་འཚམ་སར་རྡོ་སོལ། ཚ་ནུས་འཚམ་སར་ཚ་ནུས་བཅས་ཡོང་བར་བྱས་ཏེ་བྱང་ཕྱོགས་ས་ཁུལ་གྱི་མང་ཚོགས་བདེ་འཇགས་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱེད་དགོས་པ། གསུམ་ནས་ཁོར་ཡུག་ལྟ་སྡོམ་གྱི་བྱ་ཐབས་གསར་གཏོད་བྱེད་དགོས། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”སོགས་ཀྱི་ལྟ་སྡོམ་བྱ་ཐབས་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱིས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་གོང་ཞུ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། ཁོར་ཡུག་ཁྲིམས་འཛིན་ལྟ་བཤེར་བྱེད་ནན་དུ་གཏོང་བ་དང་། གཙོ་གནད་ས་ཁོངས་སུ་སྟོན་དུས་དང་དགུན་དུས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་དང་། ཁྲའེ་ཡིའུ་སྣུམ་གྱི་དོས་སྐྱེལ་རླངས་འཁོར་གྱི་སྦགས་བཙོག བཟོ་ལས་མེ་ཐབ་བཅོས་སྒྲིག་སོགས་ཀྱི་གཙོ་གནད་འགག་སྒྲོལ་གྱི་ལས་དོན་སྤེལ་དགོས། ཁྲིམས་སྲོལ་གྱི་ཚད་གཞི་དང་ཁོར་ཡུག་ལྟ་ཞིབ་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆ་འཕྲིན་ཡོངས་བསྒྲགས་དང་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་གྱིས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ངང་ཁོར་ཡུག་སྲུང་སྐྱོང་ལ་ཞུགས་རྒྱུར་སྐུལ་སློང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།