མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ཞེ་ལི་ཧྥུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་21ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ཞེ་ལི་ཧྥུའུ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱི་སི་ལམ་པོར་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ལི་ཞེ་ལི་ཧྥུའུ་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་ཀས་ཀྲུང་ཕ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་འཐབ་ཇུས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འགྱུར་མེད་དུ་མཐོ་རུ་བཏང་ནས་ཀྲུང་ཕ་རྒྱལ་ཁབ་གཉིས་ཤི་གསོན་མཉམ་གནས་ཀྱི་ཐུན་མོང་ཚོགས་པ་ཡིན་པའི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཀྲུང་ཕ་རྒྱལ་ཁབ་གཉིས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་གཞོལ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱིས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་གྲོགས་པོ་འགྱུར་མེད་ཡིན། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་འབྲེལ་བ་དམ་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ཕན་ཚུན་མཐུན་སྦྱོར་དང་གཞོགས་འདེགས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་རིང་བའི་གོང་ལ་ཡེ་མེན་རྒྱལ་ཁབ་ནས་ཕྱིར་སྡོད་རང་མི་ཕྱིར་འཐེན་བྱེད་སྐབས་་ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རོགས་རམ་ལེགས་པོ་བྱས་ཡོད། ཀྲུང་གོའི་དམག་གྲུར་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་སྤྱི་དམངས་མང་པོ་སྡོད་དུ་བཅུག་སྟེ་ཡ་ཏིང་གྲུ་ཁ་ནས་ཕྱིར་འཐེན་བྱས་པ་དང་། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་དམག་གྲུས་ཀྱང་མུ་ཁ་ལ་གྲུ་ཁ་ནས་ཕྱིར་འཐེན་བྱེད་པའི་ཀྲུང་གོའི་ཕྱིར་འགྲིམས་སློབ་མ་8ལ་རོགས་རམ་གནང་བ་རེད། དེའི་ཐོག་ནས་ཀྲུང་ཕ་རྒྱལ་ཁབ་གཉིས་བར་གྱི་མཛའ་བཤེས་འགྱུར་མེད་དེ་ནི་ཧ་ཅང་རྩ་ཆེན་པོ་ཡིན་པ་དངོས་ར་གསལ་འཕྲོད་བྱུང་བ་རེད་ཅེས་གསུངས་པ་རེད།