མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་17ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་གཙོ་སྐྱོང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་གཙོ་སྐྱོང་གནང་བ་རེད། 
         གྲོས་ཚོགས་ཐོག་《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀུན་འཕྲོད་སྒྲིག་སྲོལ་》(བཟོ་བཅོས་འཆར་ཟིན་)དང་། 《རྒྱལ་ཡོངས་སྲིད་གྲོས་ཀྱི་བརྟག་དཔྱད་ཞིབ་འཇུག་ལས་དོན་སྒྲུབ་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱེད་རྒྱུའི་ལག་བསྟར་བྱེད་ཐབས་》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུའི་བསམ་འཆར་བསྡུ་ལེན་བྱས་ཚུལ་དང་རྗེས་མའི་ལས་དོན་བཀོད་སྒྲིག་ཉན་པ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་དྲུང་ཡིག་ཆེ་མོ་གཞོན་པ་སུན་ཧུའེ་ཧྲན་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་རྒྱུན་ལས་ཨུ་ལྷན་དུ་བཅའ་སྡོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོའུ་ཅན་མིང་གཉིས་ཀྱིས་སྔོན་རྗེས་སུ་འབྲེལ་ཡོད་གྲོས་དོན་སྐོར་གསལ་བཤད་བྱས་པ་རེད། གྲོས་ཚོགས་ཐོག་གོང་གསལ་འབྲེལ་ཡོད་འཆར་ཟིན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་གྲོས་ཞིབ་གནང་རྒྱུར་འབུལ་བའི་གྲོས་ཐག་བཅད་པ་རེད། 
         གྲོས་ཚོགས་ཐོག་ནས་སྲིད་གྲོས་ནི་གྲོས་མོལ་དམངས་གཙོ་བྱེད་རྒྱུའི་ཐབས་ལམ་གལ་ཆེན་ཡིན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ངེས་པར་དུ་སྲིད་གྲོས་ཀྱིས་འགན་ནུས་ལེགས་འགྲུབ་བྱེད་རྒྱུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་འཛུགས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་སྐུལ་སྤེལ་གཏོང་དགོས་ཤིང་། སྲིད་གྲོས་ཨུ་ཡོན་ཚོས་སྲིད་གྲོས་ཀྱི་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཐུགས་ཁུར་ཧ་ཅང་ཆེན་པོ་བྱས་ཏེ་དགོངས་འཆར་དང་གྲོས་འགོ་བཟང་པོ་མང་པོ་བཏོན་གནང་བ་དང་། མུ་མཐུད་ནས་ཉམས་མྱོང་འཚོལ་ཞིབ་དང་ཕྱོགས་བསྡོམས་བྱས་ཏེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་ལ་ལུགས་དང་ཡང་མཐུན་པའི་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མ་ལག་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།