མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་
ཀྱི་འཐུས་མི་ཚོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་
ཀྱི་འཐུས་མི་ཚོར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་སྐབས་གསར་པའི་འགོ་ཁྲིད་ཚན་པའི་ཁོངས་མི་ཚོར་མཇལ་འཕྲད་གནང་བ་མ་ཟད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་ཐེངས་དགུ་པར་ཞུགས་པའི་འཐུས་མི་ཚོ་དང་དྲན་རྟེན་མཉམ་པར་ཡང་བླངས་པ་རེད། 
         ཡུས་ཀྲེང་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་གནང་སྟེ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་ཐེངས་དགུ་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་གནང་བ་དང་། འཐུས་མི་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་ནང་བསྟན་དད་ལྡན་མང་ཚོགས་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་གནང་ཞིང་། ཁོང་གིས་འདས་པའི་ལོ་ལྔའི་རིང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་གོང་བུ་སྒྲིལ་བ་དང་། ནང་པའི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ཡོང་བར་སྲུང་སྐྱོང་བྱེད་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་གནང་བ་རེད།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་
ཀྱི་འཐུས་མི་ཚོར་མཇལ་འཕྲད་གནང་བ།