མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཏེ་ཅང་གིས་ཧོ་ནན་ཞིང་ཆེན་དུ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་
བསྟར་ཚུལ་ཞིབ་བཤེར་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་16ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཏེ་ཅང་གིས་ཧོ་ནན་ཞིང་ཆེན་དུ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་
བསྟར་ཚུལ་ཞིབ་བཤེར་གནང་བ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཧོ་ནན་ཞིང་ཆེན་དུ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་གནང་བའི་སྐབས་སུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་གནས་བབ་གསར་པའི་འོག་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་དང་། བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་ནན་པོ། ལྟ་སྐུལ་ཡང་དག་པ་དང་ལྟ་སྐུལ་ནུས་ལྡན་བཅས་བྱས་ཏེ་བཅའ་ཁྲིམས་ནང་གསལ་གཏན་འབེབས་རྣམས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་དང་། བཅའ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་བཅའ་ཁྲིམས་ཀྱི་བརྗིད་ཉམས་ལ་བརྩི་འཇོག་ཏན་ཏིག་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་4ཚེས་12ཉིན་ནས་ཚེས་15ཉིན་བར་ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་དེ་སྔ་རྟིང་དུ་ཁའེ་ཧྥེང་དང་། ཞུས་ཁྲང་། ཀྲེང་ཀྲོའུ་སོགས་སུ་ཕེབས་ཏེ་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་གནང་། ཁོང་གིས་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་བྱེད་པ་ནི་ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་ལས་འགན་དང་པོ་ཡིན། བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་གནད་འགག་ཆེ་བའི་གནད་དོན་དམ་འཛིན་དང་ཐག་གཅོད་བྱེད་ཐབས་བཏོན་ཏེ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་ཡང་དག་ཅིང་ནུས་ལྡན་བྱེད་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་བ་རེད།

༄༅།།ཀྲང་ཏེ་ཅང་གིས་ཧོ་ནན་ཞིང་ཆེན་དུ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་
བསྟར་ཚུལ་ཞིབ་བཤེར་གནང་བ།
༄༅།།ཀྲང་ཏེ་ཅང་གིས་ཧོ་ནན་ཞིང་ཆེན་དུ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་
བསྟར་ཚུལ་ཞིབ་བཤེར་གནང་བ།
༄༅།།ཀྲང་ཏེ་ཅང་གིས་ཧོ་ནན་ཞིང་ཆེན་དུ་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་
བསྟར་ཚུལ་ཞིབ་བཤེར་གནང་བ།