མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་ནན་པོ་བསྐྱངས་ནས་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་ཞུན་བརྡར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་23ཉིན། 20:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

“ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཁྲི་8000ལྷག་ཙམ་གྱིས་ཀྲུང་གོ་མི་དམངས་དུང་ཕྱུར་13དང་མཉམ་དུ་མི་འབོར་དུང་ཕྱུར་13ཡོད་པའི་ཀྲུང་གོའི་སྟོབས་ཤུགས་ཤིག་གྲུབ་ཡོད”དྲིལ་བསྒྲགས་གློག་བརྙན《ཀྲུང་གོ་གུང་ཁྲན་ཏང་ཁྱེད་དང་མཉམ་དུ་ལམ་ཐོག་ཏུ་ཡོད》ཅེས་པ་དེས་གནའ་བོ་ཡིན་ལ་སྐྱེ་སྟོབས་ཀྱི་དཔལ་ཡང་འབར་བའི་དུས་སྐབས་མི་འདྲ་བའི་ཀྲུང་གོ་ཞིག་མཚོན་པ་དང་མི་རྣམས་ཀྱིས་འཕོ་འགྱུར་ཆེ་བའི་དུས་ནང“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོ་དེ་མདུན་ཕྱོགས་སུ་སྐྱོད་པར་བག་ཕེབས་ངང་ཁ་ལོ་སྒྱུར་མཁན་སྣེ་འཁྲིད་པ་ཞིག་དགོས་པ་དང་། ཀྲུང་གོའི་དེང་རབས་ཅན་གྱི་མེ་འཁོར་དེ་མདུན་ཕྱོགས་སུ་སྐྱོད་པར་སྟོབས་དང་ལྡན་པའི་མེ་འཁོར་གྱི་མགོ་ཞིག་དགོས་པ་མྱོང་ཚོར་ཟབ་མོ་བྱུང་ཡོད།
         དེ་ནི་བལྟས་མ་ཐག་ཏུ་སེམས་འགུལ་ཟབ་མོ་ཐེབས་པའི་གཞི་གྲངས་ཤིག་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་21ལ་དམངས་འདོད་བརྟག་དཔྱད་བྱས་པ་ལས་མཚོན་པར་གཞིགས་ན། མང་ཚོགས་87.3%གྱིས་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་དེ་སྔོན་དང་བསྡུར་ན་ཡག་ཏུ་ཕྱིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མང་ཚོགས་77.1%གིས་འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་གཅོད་ཤུགས་ཆེན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་སྒོ་ཀུན་ནས་ཏང་ནན་སྐྱོང་གི་དུས་བབ་འོག་སྤྱོད་ཚུལ་དྭངས་གཙང་དང་སྒྲིག་ལམ་གཟབ་ནན་དུ་བཏང་བར་ཐོབ་པའི་གྲུབ་འབྲས་དངོས་ཤིག་དང་ཏང་འཛུགས་སྐྱོང་བྱེད་རིང་ནན་ལ་ཏན་ཏིག་བྱས་པའི་གྲུབ་འབྲས་རགས་ཙམ་ཞིག་རེད།
         “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”“ང་ཚོའི་འགན་འཁྲི་ནི་ཏང་ཡོངས་ཀྱི་བློ་མཐུན་དང་མཉམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་དེ་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འགན་བཞེས་མ་ཐག་འཚོགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུའི་ཐོག་མི་རིགས་ཆེད་ཁུར་བའི་འགན་འཁྲི་དང་། མི་དམངས་ཆེད་ཁུར་བའི་འགན་འཁྲི། ཏང་ཆེད་ཁུར་བའི་འགན་འཁྲི་བཅས་དེ་ཏང་ནན་སྐྱོང་དང་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་བ་བྱེད་རྒྱུའི་ཐད་འཇོག་དགོས་ཞེས་གསུངས་གནང་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་ནས་ཟླ་བ་གཅིག་མ་སོང་བར་ཀྲུང་དབྱང་གིས་གཏན་འབེབས་དོན་ཚན་བརྒྱད་བཏོན་ནས་སྤྱོད་ཚུལ་དྭངས་གཙང་དང་སྒྲིག་ལམ་ནན་དུ་བཏང་བ་དང་ཏང་ནན་པོ་སྐྱོང་བའི་བརྡ་རྟགས་ནན་པོ་ཞིག་བཏང་བས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སེམས་ཤུགས་དེ་བས་རབ་ཏུ་འཕེལ། “ འཕངས་པའི་མདའ་ལ་ལོག་ཐབས་མེད”ཅེས་པ་ལྟར་ལོ་གཉིས་ལྷག་ཙམ་རིང་རྒྱུན་འཁྱོངས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞིར”ངོ་རྒོལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ་ནས“སྟག་སྦྲང་མཉམ་རྡུང”བྱ་རྒྱུ་མཐའ་འཁྱོངས་ཀྱིས་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བར་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དྲན་སྐུལ་ཤུགས་ཆེན་ཐུབ་པ་བྱེད་པ་ནས་ལས་བྱེད་པར་དོ་དམ་ནན་པོ་བྱེད་པ་དང་ཏང་འཛུགས་སྐྱོང་གི་ལམ་ལུགས་དང་ཏང་ནང་གི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བར་ཕྱོགས་ཡོངས་ནས་དང་། ཚད་གཞི་ཡང་མཐོ་བའི་ཐོག་ནས་ཏང་དོ་དམ་དང་ཏང་ནན་སྐྱོང་གི་བྱ་ཐབས་དེ་དག་ལས་ཏང་སྲོལ་སྲིད་སྲོལ་ལེགས་སུ་ཕྱིན་པ་དང་། ཏང་སེམས་དང་དམངས་སེམས་ཐོབ་ནས་ཏང་འཛུགས་སྐྱོང་གི་ལེའུ་གསར་པ་ཞིག་བརྩམས་པ་དང་སྒོ་ཀུན་ནས་ཏང་ནན་པོ་སྐྱོང་བའི་རྣམ་པ་གསར་པ་ཞིག་གཏོད་ཡོད། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་རེའི་ཏང་གི་ལོ་90ལྷག་ཙམ་གྱི་ལོ་རྒྱུས་ཁྲོད“སྒོ་ཀུན་ནས་ཏང་ནན་སྐྱོང”བྱེད་དགོས་ཞེས་ཐོག་མར་བཏོན་གནང་བ་དེ་དུས་རབས་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ལྡོག་མེད་ཅིག་རེད་ལ། རླབས་ཆེན་བྱ་གཞག་དང་རླབས་ཆེན་འདུ་འགོད་ཀྱི་བླང་བྱ་ལྡོག་མེད་ཅིག་ཀྱང་ཡིན་པ་དེར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
         ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལས་དེང་རབས་ཀྲུང་གོའི་ཆེས་འགག་རྩའི“ལས་དབང་གི་ཐུན་མོང་དངོས་གཞི”ཞིག་ཆགས་ཡོད། “ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ང་ཚོར་རྩིས་སྤྲད་ཡོད་པས་འགན་འཁྲི་དེ་ཁུར་དགོས”“རུལ་སུངས་ཀྱི་གནད་དོན་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པས་མཐར་ཏང་དང་རྒྱལ་ཁབ་རྩ་སྟོངས་འགྲོ་ངེས་རེད”ཅེས་པའི་སེམས་ཁྲལ་གྱི་འདུ་ཤེས་དེར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཏང་གི་སྤྱོད་ཚུལ་དེ་བློ་ཕྱོགས་གཏད་མིན་དང་འབྲེལ་བ་ཡོད་པ་དང་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད”ཅེས་བསྐྱར་བསྒྲགས་ཐེངས་མང་གནང་བ་དང་། ཏང་ཡོངས་ལ་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་ནད་གཞི་སྨན་བཅོས་ནན་ཏན། ཏང་འཛུགས་སྐྱོང་བྱེད་རིང་གི་དུག་སྐྲན་བློ་ཐག་ཆོད་པོས་གཙང་སེལ་བཅས་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐོག་ནས་སྒོ་ཀུན་ནས་ཏང་ནན་པོ་སྐྱོང་བའི་ཚད་གཞི་གསར་པ་ཞིག་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་འགོ་འཛུགས་ས་དང་། སྤྱོད་ཚུལ་འཛུགས་སྐྱོང་དེ་ཚད་བརྒལ་བྱེད་ས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་གཞི་འཛིན་ས། རུལ་རྒོལ་གཙང་སྤེལ་དེ་སྒུལ་ཤུགས་བཅས་ལ་བྱས་པས་སྒོ་ཀུན་ནས་ཏང་ནན་པོ་སྐྱོང་བའི་འཐབ་ཇུས་བསམ་བློ་དེ་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་གནད་སྨིན་འཐུས་ཚང་དུ་འགྲོ་བཞིན་ཡོད། སྒོ་ཀུན་ནས་ཏང་ནན་པོ་སྐྱོང་བའི་ལྟེ་བའི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་། གཙོ་གནད་ནི་དཔོན་རིགས་བཅོས་སྐྱོང་ནན་པོ་བྱེད་པ་དང་། སྤྱོད་ཚུལ་དྭངས་གཙང་ཡོང་བ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ། ཏང་གི་སྒྲིག་ལམ་ནན་དུ་གཏོང་བ་བཅས་ཡིན་པ། དམིགས་ཡུལ་ནི་རང་གིས་རང་དྭངས་གཙང་ཡོང་བ་བྱེད་པ་དང་། རང་གིས་རང་འཐུས་ཚང་དུ་གཏོང་བ། རང་གིས་རང་གསར་བརྗེ་བྱེད་པ། རང་གིས་རང་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱ་རྒྱུའི་འགན་ལེན་བྱེད་དགོས་པ་དེ་རེད།
          དེ་ནི་ཏང་འཛུགས་སྐྱོང་གི་ཆོས་ཉིད་ལ་འཚོལ་ཞིབ་གསར་པ་བྱེད་པ་ཞིག་རེད། ཅའོ་ཡུས་ལུའུ་དྲན་གསོ་ཁང་ལ་བརྩེ་སེམས་ཟབ་མོ་བཅངས་ནས་གཟིགས་སྐོར་གནང་བ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་སྙིང་གཏམ་ཤོད་རེས་གནང་བ། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུའི་ཐོག་དོན་ཟབ་ཚིག་ནན་ངང་ཁ་ཏ་བསླབ་བྱ་གནང་བ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་ཉམས་ལེན་འབད་སྒྲུབ་གནང་བ་དང་ཏང་ཡོངས་ཀྱི་བློ་མཐུན་ཚོ་ཧུར་ཐག་ཞུགས་པ་བྱས“སྒོ་ཀུན་ནས་ཏང་ནན་པོ་སྐྱོང་བའི”ནང་དོན་ཕུན་སུམ་ཚོགས་པོ་དེ་རྒྱུན་ཆད་མེད་པར་རྒྱས་བཤད་གནང་ཡོད། “སྒོ་ཀུན་ནས”ནི་རྨང་གཞི་ཡིན་པ་དང་དེ་ནི་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་དང་ཟུང་འབྲེལ་དམ་ཟབ་བྱས་པ་ཞིག་ཡིན་པར་བརྟེན་སློབ་གསོར་བརྟེན་དགོས་ལ་ལམ་ལུགས་ལའང་བརྟེན་ནས་འཇམ་ནན་ཟུང་འབྲེལ་གྱིས་ནུས་ཤུགས་འཕེལ་བ་བྱེད་དགོས། དེ་ནི་སྒྲིག་སྲོལ་དང་ལམ་ལུགས་བཟོ་རྒྱུ་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་བྲལ་ཐབས་མེད་པའི་གཅིག་གྱུར་ཞིག་ཡིན་པར་བརྟེན་དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་བླུགས་དགོས་ལ་གཙོ་གཟུགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ཡང་བྱས་ནས་སྒྲིག་ལམ་ནན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་སྲོལ་ནན་སྲུང་བྱ་རྒྱུའི་བསྐྱར་བསྒྲགས་བྱེད་དགོས། དེ་ནི་གོང་ནས་འོག་བར་དང་འོག་ནས་གོང་བར་གྱི་ཕྱོགས་གཉིས་མཉམ་འགུལ་ཞིག་ཡིན་པར་བརྟེན་འགོ་ཁྲིད་ཀྱིས་སྣེ་འཁྲིད་དེ་གོང་གིས་འོག་ལ་མིག་དཔེ་འདོན་དགོས་ལ་རིམ་པ་རེ་རེ་བཞིན་གནོན་ཤུགས་མཐུད་ཁྲིད་བྱས་ཏེ་ཏང་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་དང་ཏང་ཡོངས་ཞུགས་དགོས།
         ཏང་གིས་ཏང་དོ་དམ་བྱས་ན་གཞི་ནས་ཏང་དོ་དམ་ཡག་པོ་ཐུབ་པ་དང་ཏང་ནན་པོ་བསྐྱངས་ན་གཞི་ནས་ཏང་བཅོས་སྐྱོང་ཡག་པོ་བྱེད་ཐུབ། ཏང་ནན་པོ་སྐྱོང་བའི་འགག་རྩ་ནི་བཅོས་སྐྱོང་དང་། གནད་འགག་ནི་ནན་པོར་རག་ལས་ཡོད། སྒོ་ཀུན་ནས་ཏང་ནན་པོ་སྐྱོང་རྒྱུ་དེ་ཐོག་ནས་ཏང་འཛུགས་སྐྱོང་བྱེད་པར“ནན་པོའི”ཐོག་ནུས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དང་ནུས་ཤུགས་ཡོད་རྒུ་འདོན་དགོས། བསམ་བློའི་ཐོག་ནས“སྤྱིའི་འགག་སྒོ”ནན་སྲུང་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ཐད“གཟེར་རྒྱག་པའི་སྙིང་སྟོབས”ཀྱི་ཐོག་ནས་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ལམ་ལུགས་དོན་འཁྱོལ་ཐད“ལྕགས་ལ་ཤུལ་ཐོན་པ་དང་རྡོ་ལ་རྗེས་ཐོན་པ”དགོས་པའི་ནན་བཤད་བྱེད་དགོས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང“དམིགས་ཚད་གཏན་འཁེལ་མི་བྱེད་པ་དང་། ཚད་གཞི་མི་བཟོ་བ། རུལ་སུངས་ཡིན་ཕྱིན་ངོ་རྒོལ་བྱེད་པ། ངན་རིགས་ཤུལ་མེད་བཟོ་བ”བཅས་བྱ་རྒྱུ་ནན་བཤད་བྱས་ཡོད། སློབ་གསོའི་ཐད་ནན་པོ་དང་། ཚད་གཞི་ནན་པོ། སྒྲིག་ཁྲིམས་ལག་བསྟར་ནན་པོ། ཆད་གཅོད་ནན་པོ། ལམ་ལུགས་ནན་པོ་བཅས་བྱས་ཏེ“ནན་པོ”དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པའི་གཙོ་རྐང་དུ་འགྱུར་བ་བྱེད་དགོས། ཏང་ཆེ་མོ་དང་རྒྱལ་ཁབ་ཆེ་མོ་ཡིན་པའི་རང་རེའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་ཏང་ནན་པོ་སྐྱོང་བར་རང་ཉིད་ཀྱི་ཆོས་ཉིད་དེ་བས་ལྡན་ཡོད། སྒོ་ཀུན་ནས་ཏང་ནན་པོ་སྐྱོང་རྒྱུ་དེ་ཐོག་ནས་ངོས་བཅོས་དང་རྩ་བཅོས་སྤྱི་འདོམས་དང་ལྟ་རྟོག་དང་། རང་གཅུན་དང་གཞན་གཅུན་ཐབས་གཉིས་མཉམ་སྤྱོད་བྱས་ཡོད། ཏང་འཛུགས་སྐྱོང་གི་འཐབ་ཇུས་བསམ་བློ་དེ་ཐོག་ནས་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གསར་གཏོད་བྱེད་པ་དང་རང་རེའི་ཏང་གིས་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་བྱེད་པའི་ཆོས་ཉིད་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཆོད་ཉིད་ལ་འཚོལ་ཞིབ་གསར་པ་དང་། ངོས་འཛིན་གསར་པ། གསར་གཏོད་གསར་པ་བཅས་ཡོད་པ་མཚོན་ཡོད།
         “ཆེ་ས་ནས་ཁྱོན་ཡོངས་ལ་སྣང་ཆེན་དང་ཆུང་ས་ནས་ཐབས་མཆོག་ལ་སྣང་ཆེན་བྱེད་དགོས” “སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་སྒོ་ཀུན་ནས་ཏང་ནན་པོ་སྐྱོང་རྒྱུ་དེ་ཐོག་ནས་རླབས་ཆེན་བྱ་གཞག་དང་རླབས་ཆེན་འདུ་འགོད་ཀྱི་གཅིག་གྱུར་མཚོན་པ་དང་། ཏང་འཛུགས་སྐྱོང་དང་རྒྱལ་སྐྱོང་སྲིད་གཉེར་གྱི་གཅིག་གྱུར་མཚོན་ཡོད། ང་ཚོའི་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གཙོ་རྐང་ཞིག་དགོས་པ་དང་ཀྲུང་ཧྭ་མི་རིགས་དར་རྒྱས་དང་། འབྱོར་ཕྱུག ཤེས་དཔལ་བཅས་ཀྱི་ཕྱོགས་སུ་སྐྱོད་པར་ངེས་པར་དུ་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཞིག་དགོས། འགོ་ཁྲིད་སྲོག་ཤིང་དེ་ཚབ་བྱེད་ཐབས་བྲལ་བ་དང་དེ་ནི་སྲིད་སྐྱོང་བྱེད་མཁན་ཀྲུང་གོ་གུང་ཁྲན་ཏང་རེད། “སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ཆེས་རྩ་བ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་གཡོ་འགུལ་མི་ཐེབས་པ་བྱེད་དགོས། ཏང་གི་འགོ་ཁྲིད་ནི“སྒོ་ཀུན་ནས་བཞིའི”བླ་སྲོག་དང་འཐབ་ཇུས་ཁྲོད་ཀྱི་ལྟེ་བ་རེད། སྒོ་ཀུན་ནས་ཏང་ནན་པོ་བསྐྱངས་ནས་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་ཞུན་བརྡར་བྱས་ཚེ“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱུང་སྟེ་གནད་དོན་ཆེན་པོའི་ཐོག་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་ཐོན་པ་བྱེད་ཐུབ་པ་དང་། ཏང་གི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་བཏང་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་རྟེན་སར་གྱུར་ནས“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ཆབ་སྲིད་ཐོག་ནས་འགན་ལེན་ཐུབ་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཡོང་ཐུབ།
         “གནམ་འོག་དར་བར་དར་རྐྱེན་མཆིས”ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་དང་བསྡུར་ན་ང་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་དང་བར་ཐག་དེ་བས་ཉེ། སྡུག་བསྔལ་ནས་འོད་སྟོང་བར་དང་དབུལ་ཞན་ནས་བསྐྱར་དར་བར་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་མི་རིགས་བསྐྱར་དར་དེ་དེང་དུས་ཀྱི་ཚད་བར་དུ་སྐུལ་འདེད་བཏང་ཡོད། ང་ཚོ་མི་རབས་འདིའི་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་ནི་བློ་བརྟན་འགྱུར་མེད་ངང་སྒོ་ཀུན་ནས་ཏང་ནན་པོ་བསྐྱངས་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་བ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཆབ་སྲིད་ཀྱི་ཐོག་ནས་འགན་ལེན་བརྟན་པོ་བྱ་རྒྱུ་དེ་རེད།
         མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།