མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་ནེ་པ་ལའི་ཙུང་ཐུང་དང་ཙུང་ལི་སོ་
སོར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་27ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གོང་ཚེས་ཉིན་ནེ་པ་ལར་ས་ཡོམ་དྲག་པོ་བརྒྱབ་པར་ནེ་པ་ལའི་ཙུང་ཐུང་ཡ་ཏ་ཕུར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་དང་འཚམས་འདྲིའི་གློག་འཕྲིན་གྱི་ནང་དོན་ཆ་ཚང་གཤམ་གསལ།
         སྐུ་ཉིད་ཀྱི་རྒྱལ་ཁབ་ཏུ་ས་ཡོམ་དྲག་པོ་བརྒྱབ་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་གློ་བུར་དུ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུ་བ་དང་འབྲེལ་ང་རང་སྒེར་གྱི་མིང་ཐོག་ནས་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་མི་སྣར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་སྐྱོན་ཕོག་པའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཞབས་ཙུང་ཐུང་དང་ནེ་པ་ལ་སྲིད་གཞུང་གི་འགོ་ཁྲིད་འོག་ནེ་པ་ལའི་མི་དམངས་ཀྱིས་མིག་སྔའི་དཀའ་ངལ་ཁྱད་བསད་བྱས་ནས་གནོད་འཚེ་ལས་རྣམ་པར་རྒྱལ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད། ཛ་དྲག་གི་དུས་དེར་ཀྲུང་གོ་མི་དམངས་ཀྱིས་ནེ་པ་ལའི་མི་དམངས་ཀྱི་ཕྱོགས་སུ་བརྟན་པོར་ལངས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་ལ་དགོས་ངེས་ཀྱི་གེགས་སེལ་རོགས་སྐྱོར་ཐམས་ཅད་བྱ་རྒྱུ་ཡིན།
         ཟླ་4ཚེས་25ཉིན་ཙུང་ལི་ལི་ཁེ་ཆང་གིས་ནེ་པ་ལར་ས་ཡོམ་བརྒྱབ་པར་ནེ་པ་ལའི་ཙུང་ལི་ཁེ་དབྱི་ལ་ལར་འཚམས་འདྲིའི་གློག་འཕྲིན་བཏང་གནང་ནེ་པ་ལར་ས་ཡོམ་དྲག་པོ་བརྒྱབ་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱོང་གུན་ཚབས་ཆེན་བཟོས་པ་གློ་བུར་དུ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་མི་སྣར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་སྐྱོན་ཕོག་པའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ནེ་པ་ལ་ནི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། ནེ་པ་ལའི་མི་དམངས་ལ་ཆག་སྒོ་འཕྲད་པར་ང་ཚོར་མྱོང་ཚོར་གཅིག་མཚུངས་བྱུང་། ནེ་པ་ལ་ཕྱོགས་ཀྱི་གེགས་སེལ་གྱི་དགོས་མཁོར་གཞིགས་ནས་ཛ་དྲག་རོགས་སྐྱོར་བྱེད་འདོད་ཡོད། ངས་ཙུང་ལི་ཉིད་ཀྱི་འགོ་ཁྲིད་འོག་ནེ་པ་ལ་སྲིད་གཞུང་དང་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་གང་མགྱོགས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པའི་ཡིད་ཆེས་ཡོད།