མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་སྲིད་གཞུང་གིས<<ཀྲུང་གོའི་དམག་དོན་འཐབ་ཇུས>>ཞེས་པའི་རྒྱབ་ཤ་
དཀར་པོའི་དེབ་བཏོན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་26ཉིན་ཀྲུང་གོ་སྲིད་གཞུང་གིས་<<ཀྲུང་གོའི་དམག་དོན་འཐབ་ཇུས་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་ནང་དུས་བབ་གསར་པའི་འོག་འགོག་སྲུང་ཧུར་ཐག་བྱ་རྒྱུའི་སྐོར་གྱི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། དེ་ནི་1998ལོའི་ཚུན་དུ་ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་རྒྱལ་སྲུང་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་དགུ་པ་རེད་ལ་ཀྲུང་གོའི་དམག་དོན་འཐབ་ཇུས་ཆེད་མངགས་ཞིབ་པར་བཤད་པའི་རྒྱབ་ཤ་དཀར་པོའི་དེབ་ཐོག་མའང་རེད།
     “ད་རེས་ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་འགོག་སྲུང་ཧུར་ཐག་བྱ་རྒྱུའི་སྐོར་གྱི་དམག་དོན་འཐབ་ཇུས་བྱེད་ཕྱོགས་གཅིག་སྡུད་ཀྱིས་རྒྱལ་ཁབ་ཀྱི་དམག་དོན་བདེ་འཇགས་སྲིད་ཇུས་ཁྲོད་ཀྱི་ཆེས་གཙོ་བོ་དང་ཆེས་དམིགས་བསལ་གྱི་གནད་དོན་ཞིབ་པར་བཤད་པ་དང་། བདེ་འཇགས་ལ་སེམས་ཁུར་བྱ་ཚུལ་ཁ་གསལ་བ། སྲིད་ཇུས་སྟོན་ཕྱོགས་གསལ་པོ་ཡོད། དེ་ནི་ཀྲུང་གོའི་དམག་དཔུང་སྒོ་དབྱེ་དང་ནང་གསལ་ཕྱོགས་སུ་སྐྱོད་པའི་འཕེལ་རྒྱས་གསར་ཤོས་ཤིག་དང་ཀྲུང་གོའི་དམག་དོན་འཐབ་ཇུས་ཁ་ཕྱོགས་དབང་གྲགས་ལྡན་པའི་སྒོ་ནས་འཆད་འགྲེལ་བྱས་པ་ཞིག་ཡིན”ཞེས་དམག་དོན་ཚན་རིག་ཁང་རྒྱལ་སྲུང་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཀྲོའུ་ཡིས་ངོ་སྤྲོད་བྱས་པ་རེད།
     རྒྱབ་ཤ་དཀར་པོའི་དེབ་དེར་ཧ་ལམ་ཡིག་འབྲུ་9000ཡོད་པ་དང་། ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ། འཇར་མན། སི་ཕེན། ཨ་རབ། རི་པིན་བཅས་ཀྱི་ཡིག་རིགས་མི་འདྲ་བ་བརྒྱད་ཀྱི་ཐོག་ནས་བཏོན་པ། ནང་དོན་དངོས་གཞི་ཉིད་གླེང་གཞི་དང་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་དང་། དམག་དཔུང་གི་ལས་འགན་དང་འཐབ་ཇུས་ལས་འགན། འགོག་སྲུང་ཧུར་ཐག་བྱ་རྒྱུའི་འཐབ་ཇུས་བྱེད་ཕྱོགས། དམག་དོན་སྟོབས་ཤུགས་འཛུགས་སྐྱོང་དང་འཕེལ་རྒྱས། དམག་དོན་འཐབ་རྩོད་གྲ་སྒྲིག དམག་དོན་བདེ་འཇགས་མཉམ་ལས་སོགས་ཆ་ཤས་དྲུག་ལས་གྲུབ་ཡོད་པ་རེད།