མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲེ་ཅང་དུ་བཅའ་སྡོད་དཔུང་སྡེའི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཀྲེ་ཅང་དུ་བཅའ་སྡོད་དཔུང་སྡེའི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚེས་26ཉིན་ཀྲེ་ཅང་དུ་བཅའ་སྡོད་དཔུང་སྡེའི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་སྐབས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མཐའ་འཁྱོངས་བྱེད་པར་བྱ་ཐབས་དངོས་འདོན་པ་དང་ནུས་ཤུགས་ཏན་ཏིག་བཏོན་ཏེ་མི་སྣ་གསོ་སྐྱོང་བྱ་རྒྱུར་དམ་འཛིན་གཏིང་ཟབ་དང་། དམག་སྦྱོང་དམག་གྲབས་དམ་འཛིན། སྤྱོད་ཚུལ་བཟང་བ་དང་སྒྲིག་ཁྲིམས་ནན་པོར་དམ་འཛིན་བཅས་བྱས་ཐོག་དཔུང་སྡེ་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         དབྱར་ཟླ་ལྔ་པར་ཀྲེ་ཅང་དུ་རི་བོ་སྔོ་ལ་ཆུ་མོ་དྭངས་ཤིང་མཛེས་ལྗོངས་ལྟ་ན་སྡུག ཕྱི་དྲོའི་ཆུ་ཚོད་3པ་ཙམ་དུ་ཞིས་ཅིན་ཕིང་ཀྲེ་ཅང་ཞིང་ཆེན་དམག་ཁུལ་ཁང་གི་ལས་ཁུངས་སུ་ཕེབས་ཏེ་ཀྲེ་ཅང་དུ་བཅའ་སྡོད་དཔུང་སྡེའི་ཧྲི་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་སྒྲིག་གཞི་ཚང་བའི་ཐོན་ཚན་པའི་འགོ་ཁྲིད་གཙོ་བོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཞིས་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཀྲེ་ཅང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ང་ཀྲེ་ཅང་དུ་ལས་ཀ་ལོ་མང་བྱེད་མྱོང་ཡོད། ཞིང་ཆེན་དམག་ཁུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་དང་རྒྱལ་སྲུང་སྐུལ་སློང་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར་མྱོང་བ་དང་། རྟག་ཏུ་དཔུང་སྡེར་ལྟ་བར་ཕྱིན་ནས་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད་པས་ཀྲེ་ཅང་དུ་བཅའ་སྡོད་དཔུང་སྡེའི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་ཀྲེ་ཅང་དུ་བཅའ་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་དང་མཛུབ་སྟོན་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་དམག་གྲབས་ནང་སྦྱོང་ཐད་དམ་འཛིན་ཡག་པོ་བྱས་པར་ལས་འགན་གལ་ཆེན་རབ་དང་རིམ་པ་ལེགས་གྲུབ་གང་ལེགས་ཐུབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་མི་སྣ་གསོ་སྐྱོང་བྱ་རྒྱུར་དམ་འཛིན་གཏིང་ཟབ་བྱེད་པ་དང་། དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་ཏན་ཏིག་བསྟར་བ། དཔུང་སྡེའི་བསམ་པའི་འཁོར་ཕྱོགས་ཁོང་དུ་ཆུད་པ། དམིགས་སའི་རང་བཞིན་ལྡན་པའི་ངང་བསམ་བློའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། དཔོན་དམག་སྣེ་ཁྲིད་དེ་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་བཅས་བྱས་ནས“ཡོད་པ་བཞིའི”དུས་རབས་གསར་པའི་གསར་བརྗེའི་དམག་མི་ཞིག་བྱེད་དགོས། དམག་སྦྱོང་དམག་གྲབས་དམ་འཛིན་གཏིང་ཟབ་བྱེད་པ་དང་། དམག་མིས་དམག་རྒྱག་ཐུབ་པ་དང་དམག་མི་ཁྲིད་དེ་དམག་རྒྱག་ཐུབ་པའི་བསམ་པར་ཤུགས་སྣོན་རྒྱག་པ། དམག་འཐབ་གི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། དངོས་འཐབ་ཅན་གྱི་དམག་དོན་ནང་སྦྱོང་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱོད་ཚུལ་བཟང་བ་དང་སྒྲིག་ཁྲིམས་ནན་པོར་དམ་འཛིན་གཏིང་ཟབ་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་དག་ཐེར་ཏན་ཏིག་བྱེད་པ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་གཅོད་པ། གཞི་རིམ་དང་དཔོན་དམག་ཁྲོད་ཀྱི་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱས་ནས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་དྲང་ནུས་ཆེན་པོ་གཅིག་ཏུ་འགྲིལ་དགོས་ཞེས་ནན་བཤད་གནང་བ་རེད།