མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གོ་སྐབས་དམ་འཛིན་དང་། ལེགས་ཆར་གཞི་འཛུགས་པ། བྱས་འབྲས་ཧུར་
ཐག་ཐོན་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་
སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་
བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་གོ་སྐབས་དམ་འཛིན་དང་། ལེགས་ཆར་གཞི་འཛུགས་པ། བྱས་འབྲས་ཧུར་
ཐག་ཐོན་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་
སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་
བྱེད་དགོས་ཞེས་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲེ་ཅང་དུ་ཧྭ་ཤར་གྱི་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཡིན་པས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཕེལ་ཕྱོགས་ཆེན་པོ་གསལ་པོ་རྟོགས་པ་དང་སྤྱི་ཡོངས་ལ་བལྟ་བ་དང་། རྒྱལ་སྤྱི་རྒྱལ་ནང་གི་འཕེལ་རྒྱས་ཀྱི་རྩ་བའི་འཕེལ་ཕྱོགས་སྟངས་འཛིན་གཏིང་ཟབ་བྱེད་པ། ང་ཚོ་གནས་སའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་དང་ཆ་རྐྱེན་ལ་དབྱེ་ཞིབ་གསལ་པོ་བྱེད་པ། ང་ཚོ་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་དང་དམིགས་ཚད་གསལ་པོ་བཟོ་བ། ང་ཚོར་འཕྲད་པའི་གོ་སྐབས་དང་འགྲན་སློང་གསལ་པོ་ཤེས་པ། ལེགས་ཆར་གཞི་འཛུགས་པ་དང་། ཕན་གཉེར་གནོད་གཡོལ། བྱས་འབྲས་ཧུར་ཐག་ཐོན་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ད་ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དོན་འཁྱོལ་བྱེད་པའི་ལོ་མཐའ་མ་དེ་ཡིན་པས་ཏང་ཀྲུང་དབྱང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཞིས་ཅིན་ཕིང་གིས་ཀྲེ་ཅང་དུ་བརྟག་ཞིབ་གནང་རིང་ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཆེད་མངགས་འཚོགས་པ་རེད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་འཛམ་གླིང་གི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་ཙམ་ཡོད་པ་དང་། གོ་སྐབས་དང་འགྲན་སློང་མཉམ་དུ་འདྲེས་པ། དུས་དང་འཕེལ་ཕྱོགས་སྤྱི་ཡོངས་ནས་རང་རྒྱལ་ལ་ཕན་ཐོགས་ཡོད་པ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྔར་བཞིན་གནས་པ་བཅས་རེད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ་དང་དུས་མཚུངས་དཀའ་ངལ་དང་འགྲན་སློང་ཡང་མི་ཉུང་བ་ཞིག་གནས་པས་གྲུབ་ཆ་ལེགས་སྒྲིག་དང་། བྱེད་ཐབས་བསྒྱུར་བ། གསར་གཏོད་ལ་སྐུལ་མ་གཏོང་བ་བཅས་ཀྱི་ལས་འགན་གསར་པ་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་ཀྱི་འཕེལ་རྒྱས་ཇུས་འགོད་བྱེད་སྐབས་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་བཟོ་བ་དང་། དཀའ་གནད་དང་རྙོག་འཛིང་རང་བཞིན་ལ་ཚོད་དཔག་དེ་བས་ལེགས་པ་བྱེད་པ། ཉེན་ཁ་སྣ་ཚོགས་ལ་བསམ་བློ་དེ་བས་གཏིང་ཟབ་ཏུ་གཏོང་བ། གནས་ཚུལ་སྣ་ཚོགས་ལ་བསམ་གཞིག་དེ་བས་འཐུས་སྒོ་ཚང་པོ་བྱེད་པ། གཅིག་འདོམས་དང་སྤྱི་ཡོངས་ལ་ལྟ་རྟོག་བཅས་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་དཔལ་འབྱོར་འཕར་ཚད་མཐའ་འཁྱོངས་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། སྒྲིག་གཞི་དང་ལམ་སྲོལ་ལ་སྒྱུར་བཅོས་བྱེད་པ། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཚད་བརྒལ་མངོན་གསལ་དོད་པོ་ཧུར་ཐག་ཡོང་བ་བྱེད་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དཔལ་འབྱོར་འཕར་ཚད་རྒྱུན་འཁྱོངས་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་བཟོ་བའི་གནད་དོན་གལ་ཆེན་ཐག་གཅོད་ཤུགས་ཆེན་བྱེད་པ། འཕར་ཚད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐྱེད་སྲིང་བྱེད་པ། འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ། འཕེལ་རྒྱས་ཀྱི་བར་གསེང་ཆེར་གཏོང་བཅས་བྱས་ནས་དཔལ་འབྱོར་བསྡོམས་འབོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱེད་པ་དང་། དཔལ་འབྱོར་འཕར་རྒྱུ་དེ་གཙོ་བོ་མ་འཇོག་དང་ཕྱིར་གཏོང་ཡར་སྐུལ་ལ་བརྟེན་པ་ནས་འཛད་སྤྱོད་དང་། མ་འཇོག ཕྱིར་གཏོང་ཡར་སྐུལ་མཐུན་སྦྱོར་བཅས་ལ་བརྟེན་རྒྱུར་སྒྱུར་བ་བྱེད་པ་དང་། གཙོ་བོ་ཐོན་ལས་གཉིས་པར་བརྟེན་ནས་ཡར་སྐུལ་བྱ་རྒྱུ་དེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཐུན་སྦྱོར་ཡར་སྐུལ་བྱ་རྒྱུར་སྒྱུར་བ་བྱེད་པ། དངོས་པོའི་ཐོན་ཁུངས་ཟད་གྲོན་མང་དུ་གཏོང་བར་གཙོ་བོར་བརྟེན་པ་ནས་གཙོ་བོ་ཚན་རྩལ་ཡར་ཐོན་དང་། ངལ་རྩོལ་པའི་བྱང་ཚད་མཐོར་གཏོང་། དོ་དམ་གསར་གཏོད་ལ་བརྟེན་རྒྱུའི་ཐོག་སྒྱུར་བ་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོན་ལས་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱ་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་ཕྱོགས་བསྡུས་འགྲན་ནུས་མཐོ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན། སྲོལ་རྒྱུན་ཐོན་ལས་མགྱོགས་མྱུར་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཞབས་ཞུའི་ལས་རིགས་དང་ལྷག་དོན་དུ་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་སྒོ་གཉེར་སྟངས་གསར་པ་དང་ཚོང་ལས་གཉེར་སྟངས་གསར་པ་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས་དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་གསར་པ་ཞིག་གཏོད་དགོས། ཕྱོགས་བསྡུས་རྒྱལ་ཤུགས་འགྲན་རྩོད་མཐར་ཐུག་ནས་བརྗོད་ན། གསར་གཏོད་ཀྱི་འགྲན་རྩོད་ཅིག་ཡིན་ཞིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་། ཐོན་ལས་གསར་གཏོད། ཁེ་ལས་གསར་གཏོད། ཁྲོམ་ར་གསར་གཏོད། ཐོན་རྫས་གསར་གཏོད། ལས་སྒོ་གཉེར་སྟངས་གསར་གཏོད། དོ་དམ་གསར་གཏོད་སོགས་ལ་སྐུལ་འདེད་བཏང་ནས་གསར་གཏོད་ཀྱིས་ཁྲིད་སྟོན་དང་འདེགས་སྐྱོར་གཙོ་བོར་བྱེད་པའི་དཔལ་འབྱོར་མ་ལག་དང་འཕེལ་རྒྱས་གཏོང་སྟངས་ཤིག་མགྱོགས་མྱུར་ཆགས་པ་བྱེད་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དཔེ་གསར་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་མཚུངས་སུ་སྐུལ་འདེད་གཏོང་བར་ཞན་སའི་ལྷུ་ཚིགས་ནི་ཞིང་ལས་དེང་རབས་ཅན་ཡིན། ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་དམིགས་ནས་འབྲུ་རིགས་དང་གལ་ཆེའི་ཞིང་ལས་ཐོན་རྫས་ཀྱི་ཐོན་ཚད་བརྟན་པོ་ཡོང་བ་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་གལ་ཆེའི་ཞིང་ལས་ཐོན་རྫས་ནུས་ལྡན་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིག་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་ཞིང་ལས་ལག་རྩལ་གྱི་གསར་གཏོད་གོམ་སྟབས་མགྱོགས་སུ་བཏང་ནས་ལེགས་བསྡུས་ཞིབ་གཉེར་དང་། ནུས་ཆེ། བདེ་འཇགས། རྒྱུན་མཐུད་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་ནི་ཁྲོམ་རའི་གསོན་ཤུགས་གཙོ་བོ་སྐྱེད་སྲིང་དང་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྩའི་སྒུལ་ཤུགས་ཤིག་ཡིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནད་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་རྒྱུར་དམིགས་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྒྱུར་བཅོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྒྱུར་བཅོས་ཀྱི་བྱ་སྤྱོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ཁུངས་བགོ་བཤའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་པ་བྱས་ཏེ་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་གཞི་གསར་པ་ཆགས་པ་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མཐུན་སྦྱོར་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ནི་འདུ་ཤེས་ཡིན་ལ་བྱེད་ཐབས་ཤིག་ཀྱང་ཡིན་པས་ངེས་པར་དུ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་ནས་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་གཅིག་ཅན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་ཐོན་སྐྱེད་བར་ཁམས་དང་། འཚོ་བའི་བར་ཁམས། སྣོད་བཅུད་ཀྱི་བར་ཁམས་བཅས་བཀོད་སྒྲིག་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱི་འཕར་གཞི་གསར་པ་དང་རང་རྒྱལ་གྱི་གཟུགས་བརྙན་བཟང་པོ་མངོན་པའི་ཤུགས་རྒྱག་ས་ཞིག་ཏུ་འགྱུར་བ་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་འཕེལ་རྒྱས་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱིས་ཐུགས་ཁུར་བྱེད་པའི་སློབ་གསོ་དང་། ལས་ཞུགས། ཡོང་འབབ། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འཕྲོད་བསྟེན། བཟའ་བཅའི་བདེ་འཇགས་སོགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུས་དེ་བས་མང་བ་དང་། དེ་བས་གཞུང་དྲང་། དེ་བས་དངོས་འབྲེལ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་ཁྱབ་ཐུབ་པ་བྱེད་དགོས། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱོད་པ་དང་ཉམས་སད་ཐེག་ཐུབ་པའི་བྱེད་ཐབས་སྤྱད་དེ་གནད་ལ་འཁེལ་བའི་དབུལ་སྐྱོར་དང་དབུལ་སྒྲོལ་གྱི་བླང་བྱ་གཞིར་བཟུང་སྲིད་ཇུས་ཀྱི་མཉམ་སྒྲིག་བྱེད་ཐབས་སྤྱད་དེ་སྔོན་གཏན་འཁེལ་བའི་དུས་མཚམས་སུ་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས།