མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་2015ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་
སྐྱིན་གསབ་དངུལ་སྤྲོད་པའི་ཐག་གཅོད་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་30ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཟླ་5ཚེས་27ཉིན་བརྡ་ཐོ་བཏང་ནས་2015ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་སྐྱིན་གསབ་དངུལ་སྤྲོད་པའི་ཐག་གཅོད་དང་འབྲེལ་བའི་སྤྱི་དམངས་ཀྱི་མི་ལུས་རང་དབང་གི་དབང་ཆར་བཙན་གནོད་བྱས་པའི་སྐྱིན་གསབ་དངུལ་གྱི་ཚད་གཞི་ཡོངས་བསྒྲགས་བྱས་ནས་ཞིབ་ཕྲའི་དངུལ་གྲངས་དེ་ཉིན་རེར་སྒོར་219.72ཡིན་པ་རེད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2015ལོའི་ཟླ་5ཚེས་27ཉིན་ཡོངས་བསྒྲགས་བྱས་དོན། 2014ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཐོག་ལས་བཟོའི་ལོའི་ཆ་སྙོམས་གླ་ཕོགས་(དེ་སྔའི“རྒྱལ་ཡོངས་ཀྱི་ལས་ཐོག་ལས་བཟོའི་ལོའི་ཆ་སྙོམས་གླ་ཕོགས”)སྒོར་57346ཡིན་པ་དེ་ལོ་གོང་མ་ལས་སྒོར་4967འཕར་བ་དང་། ཉིན་རེའི་ཆ་སྙོམས་གླ་ཕོགས་སྒོར་219.72ཡིན་པ་དེ་ལོ་གོང་མ་ལས་སྒོར་19.03འཕར་ཡོད།
         རྒྱལ་ཁབ་ཀྱི་སྐྱིན་གསབ་བཅའ་ཁྲིམས་ནང“སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་ཕྱིན་ཉིན་རེའི་སྐྱིན་གསབ་དངུལ་དེ་རྒྱལ་ཁབ་གྱི་ལོ་འཁོར་གོང་མའི་ལས་བཟོའི་ཉིན་རེའི་གླ་ཕོགས་གཞིར་བཟུང་རྩིས་རྒྱག་རྒྱུ”གཏན་འབེབས་བྱས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རིམ་ཁག་མི་དམངས་ཁྲིམས་ཁང་ལ་རྒྱལ་ཁབ་ཀྱི་སྐྱིན་གསབ་གྱོད་གཞིར་འདྲི་ཞིབ་བྱེད་སྐབས་གོང་གསལ་གྱི་ཚད་གཞི་གཞིར་བཟུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།