མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་70འཁོར་བར་ཅིན་ཀྲེན་
ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་12ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཟླ་10ཚེས་9ཉིན་ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་ཨང་དང་པོ་ཅིན་ཀྲེན་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་70འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཞིས་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་70འཁོར་མཚམས་སུ་ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུ་རྒྱུ་མ་ཟད་ང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་དང་ཁྱེད་བརྒྱུད་ནས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དང་ཏང་ཡོན་ཡོངས་དང་དེ་བཞིན་ཁྲའོ་ཞན་མི་དམངས་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་ཁྲའོ་ཞན་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་ཀྲུའུ་ཞི་ཅིན་རི་ཁྲེང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེན་རིའི་འགོ་ཁྲིད་འོག་ཁྲའོ་ཞན་ངལ་རྩོལ་ཏང་གིས་ཁྲའོ་ཞན་མི་དམངས་ཀྱི་སྣེ་ཁྲིད་ནས་དཀའ་ངལ་མང་པོ་ཁྱད་བསད་བྱས་ནས་རྒྱལ་ཁབ་རང་བཙན་དང་མི་དམངས་བཅིངས་འགྲོལ་བཏང་བ་དང་། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཉེ་བའི་ལོ་ཤས་རིང་ཧྲུའུ་ཅི་ཨང་དང་པོ་བློ་མཐུན་ཅིན་ཀྲེན་ཨེན་གྱིས་ཀྲུའུ་ཞི་ཅིན་རི་ཁྲེང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་རི་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ནས་ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་མི་དམངས་ཀྱི་འགོ་ཁྲིད་དེ་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་གཏོང་སོགས་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད། ཧྲུའུ་ཅི་ཨང་དང་པོ་ཅིན་ཀྲེང་ཨེན་གྱིས་གཙོ་བོར་བྱས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་ཁྲའོ་ཞན་མི་དམངས་ལ་ཁྲའོ་ཞན་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་ཐོབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་ལ་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་ཡོད། ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་ཚོ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་མཛའ་མཐུན་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         མཇུག་ཏུ་ཞིས་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་ཟམ་མི་ཆད་པར་གོང་འཕེལ་དང་། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གོང་འཕེལ། ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་ཐུབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུས་པ་རེད།