མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་ལ་ས་ཡོམ་དྲག་པོ་བྱུང་བའི་སྐོར་ཙུང་ཐུང་ཅ་ཉི་ལ་
སེམས་གསོའི་འཚམས་འདྲིའི་གློག་འཕྲིན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་28ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་ལ་ས་ཡོམ་དྲག་པོ་བྱུང་བའི་སྐོར་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་ལ་སེམས་གསོའི་གློག་འཕྲིན་གནང་བ་རེད། 
སེམས་གསོའི་འཚམས་འདྲིའི་གློག་འཕྲིན་གྱི་ནང་དོན་གཤམ་གསལ། 
     སྐུ་ཉིད་ཀྱི་རྒྱལ་ཁབ་དུ་ས་ཡོམ་དྲག་པོ་བྱུང་ནས་མི་ལ་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་པོ་ཐེབས་པ་གློ་བུར་དུ་གོ་ཐོས་བྱུང་།   ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱེད་པ་དང་རང་ཉིད་ཀྱི་མིང་ཐོག་ནས་ཆག་སྒོ་ལས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་སྐྱོ་སྣང་ཆེན་པོས་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་རྣམས་ཀྱི་ཁྱིམ་མི་དང་རྨས་སྐྱོན་ཕོག་པའི་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན།
     ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་ནི་སྔར་ནས་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ལ་ས་ཡོམ་ཁྲོད་ཕོག་པའི་གནོད་འཚེ་དག་རང་ཉིད་ལ་དངོས་སུ་ཕོག་པ་ལྟ་བུར་བརྩིས་ཤིང་། ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་གང་ཡོད་བཏོན་ས་ཨ་ཧྥུ་ཀ་ནི་སི་ཐན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། སྐུ་ཞབས་ཙུང་ཐུང་དང་སྐུ་ཉིད་རྒྱལ་ཁབ་སྲིད་གཞུང་གི་འགོ་ཁྲིད་འོག་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ཚོས་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། ཕ་ཡུལ་བསྐྱར་བསྐྲུན་བྱེད་ཐུབ་ངེས་ཡིན་པར་པར་ང་ལ་ཡིད་ཆེས་ཡོད།