མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨ་ཧྥུ་ཀ་ནི་སི་ཐན་དུ་ས་ཡོམ་བྱུང་བ་ལས་ཕ་ཁི་སི་ཐན་ལ་གནོད་འཚེ་ཐེབས་པའི་སྐོར་
ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཙུང་ཐུང་ཧོའུ་སའེ་དབྱིན་ལ་སེམས་གསོའི་
འཚམས་འདྲིའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་28ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ས་ཡོམ་བྱུང་བ་ལས་ཕ་ཁི་སི་ཐན་ལ་གནོད་འཚེ་ཐེབས་པའི་སྐོར་ཙུང་ཐུང་ཧོའུ་སའེ་དབྱིན་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།
         སེམས་གསོའི་འཚམས་འདྲིའི་གློག་འཕྲིན་གྱི་ནང་དོན་གཤམ་གསལ།
         ཨ་ཧྥུ་ཀ་ནི་སི་ཐན་དུ་ས་ཡོམ་བྱུང་བ་ལས་སྐུ་ཉིད་ཀྱི་རྒྱལ་ཁབ་ལའང་མི་སྣར་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བྱུང་བ་གློ་བུར་དུ་གོ་ཐོས་བྱུང་། ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་པ་མ་ཟད། རང་ཉིད་སྒེར་གྱི་ངོས་ན་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་སྐྱོ་ནང་ཆེན་པོས་མྱ་ངན་ཞུ་རྒྱུ་དང་། འདས་པོའི་ནང་མི་དང་རྨས་སྐྱོན་ཕོག་མཁན་ཚོར་ལྷག་བསམ་རྣམ་དག་གི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། 
         ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་སྐྱིད་སྡུག་མཉམ་མྱོང་གི་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཡིན། ཀྲུང་གོའི་མི་དམངས་ཀྱིས་ཕ་ཁི་སི་ཐན་མི་དམངས་ལ་ས་ཡོམ་ཁྲོད་ཕོག་པའི་གནོད་འཚེ་དག་རང་ཉིད་ལ་དངོས་སུ་ཕོག་པ་ལྟ་བུར་རྩིས་ཤིང་། ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་གང་ཡོད་བཏོན་ནས་ཕ་ཁི་སི་ཐག་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། སྐུ་ཞབས་ཙུང་ཐུང་དང་ཕ་ཁི་སི་ཐན་སྲིད་གཞུང་གི་འགོ་ཁྲིད་འོག ཕ་ཁི་སི་ཐན་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། ཕ་ཡུལ་བསྐྱར་སྐྲུན་བྱེད་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད།