མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨ་ཧྥུ་ཀ་ནི་སི་ཐན་དུ་ས་ཡོམ་དྲག་པོ་བྱུང་བར་ལི་ཁེ་ཆང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་
བཞུགས་ལག་བསྟར་དཔོན་དང་ཕ་ཁི་སི་ཐན་གྱི་ཙུང་ལི་གཉིས་ལ་སེམས་
གསོའི་འཚམས་འདྲིའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གཉིས་ལ་ཉེ་ཆར་ས་ཡོམ་དྲག་པོའི་གནོད་འཚེ་ཐེབས་པའི་སྐོར་ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་པུའུ་ཏུའུ་ལ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ལ་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
         ལི་ཁེ་ཆང་གི་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་གྱི་ནང་དུ་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་གནང་སྟེ་ས་ཡོམ་གྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་ཚོར་ཡིད་སེམས་སྐྱོ་བའི་ངང་མྱ་ངན་ཞུ་བ་དང་། འདས་པོའི་ནང་མི་དང་རྨས་སྐྱོན་ཕོག་མཁན་ཚོར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་གནང་བ་རེད།
         ལི་ཁེ་ཆང་གིས་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། སྲོལ་རྒྱུན་གྱི་མཛའ་བརྩེ་གཏིང་ཟབ་པོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ས་ཡོམ་ཁྲོད་གནོད་འཚེ་ཐེབས་པར་གཞན་སྡུག་རང་མྱོང་གི་ཚོར་བ་ཟབ་མོ་བྱུང་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀར་རང་ནུས་གང་ཐུབ་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་གནོད་ཐེབས་མི་དམངས་ཀྱིས་སྔ་ཙམ་ནས་ས་ཡོམ་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཕ་ཡུལ་བསྐྱར་སྐྲུན་བྱེད་རོགས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།