མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་གནང་བར་ཕེབས་རྒྱུ་ཡིན་པ་མ་ཟད་ཀྲུང་
གོ་ལྗར་པན་ཁོ་རེ་ཡ་ལྷོ་མ་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་
གྲོས་ཚོགས་སུ་ཡང་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་27ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་གྱི་འཆར་ཅན་གསར་འགོད་པའི་གྲོས་ཚོགས་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཕིའོ་ཅིན་ཧུའེ་ཡིས་གདན་ཞུ་གནང་བ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཟླ་10ཚེས་31ཉིན་ནས་ཟླ་11ཚེས་2ཉིན་བར་ལ་ཁོ་རེ་ཡ་ལྷོ་མར་དངོས་གཞིའི་འཚམས་འདྲི་གནང་རྒྱུ་ཡིན་པ་མ་ཟད། ཁོ་རེ་ཡ་ལྷོ་མའི་གྲོང་ཁྱེར་ཧྲོའུ་ཨེར་དུ་འཚོག་རྒྱུ་ཡིན་པའི་ཀྲུང་གོ་ལྗར་པན་ཁོ་རེ་ཡ་ལྷོ་མ་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་གྲོས་ཚོགས་སུ་ཡང་ཞུགས་རྒྱུ་རེད།