མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཚོ་འགག་ངོགས་གཉིས་ཀྱི་དབུ་ཁྲིད་པ་ཞིས་ཅིན་ཕིང་དང་མ་དབྱིན་ཅིའུ་རྣམ་གཉིས་
སིང་ཀ་ཕོར་དུ་མཇལ་འཛོམས་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་05ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཀྲི་ཅུན་གྱིས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། མཚོ་འགག་ངོགས་གཉིས་ཀྱི་དབུ་ཁྲིད་པ་ཞིས་ཅིན་ཕིང་དང་མ་དབྱིན་ཅིའུ་རྣམ་གཉིས་ཟླ་11ཚེས་7ཉིན་སིང་ཀ་ཕོར་རྒྱལ་ཁབ་ཏུ་མཇལ་འཛོམས་གནང་སྟེ་མཚོག་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་བསམ་ཚུལ་བརྗེ་རེས་གནང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         ཀྲང་ཀྲི་ཅུན་གྱིས་ཐེངས་འདིའི་མཇལ་འཛོམས་གནང་བ་ནི་ཕྱོགས་གཉིས་ཀས་མཚོ་འགག་ངོགས་གཉིས་ཀྱི་འགོ་ཁྲིད་པའི་ཐོབ་ཐང་དང་མིང་ཐོག་ནས་མཇལ་འཛོམས་གནང་རྒྱུ་ཡིན་པ་དང་། འདི་ནི་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ཏེ་ཐག་བཅད་པ་ཡིན། མཇལ་འཛོམས་འདི་ནི་མཚོ་འགག་ངོགས་གཉིས་བར་ཆབ་སྲིད་ཐོག་གི་ཕྱོགས་འགལ་ད་དུང་ཐག་གཅོད་བྱས་མེད་པའི་གནས་ཚུལ་འོག་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་ལ་གཞིགས་ནས་དངོས་དོན་གཉེར་བའི་བཀོད་སྒྲིག་བྱས་པ་ཞིག་རེད་ཅེས་ནན་བཤད་བྱས་པ་རེད།